10236

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡན་པ་དགབ་པ་ཚད་ལས་ལྷག་པར་བྱེད་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་གིས་གཡན་པ་དགབ་པ་རང་གི་ཚད་ལས་ལྷག་པ་བྱེད་པ་ལས་གྱུར་པའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། སྲིད་དུ་སོར་དྲུག་དང་ཞེང་དུ་སོར་གསུམ་གྱི་ཚད་ལས་སོར་ཕྱེད་ཀྱིས་ལྷག་པར་བྱས་ཏེ་ཟིན་པ་ན་དེར་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་གཡན་པ་དགབ་པ་རང་གི་ཚད་ལས་ལྷག་པར་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དོན་དང་བྱ་བ་མང་བ་དང་། འདོད་པ་ཆེ་བའོ། །ཞེས་གསུངས།
Domain ཆོས་ལུགས།