102378
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐར་རྩིས་ས་རིས་ལས་བྱུང་བ་སྟེ། ༡ གཅིག་དཀར་བྱིས་པ་སྒོར་འཁྲིད་ངན། །འཁྲུས་བྱ་ལྷ་ཀླུ་གསོལ་བ་བཟང་། །༢ གཉིས་ནག་མ་གཤིན་བདུད་མཆོད་བཟང་། །བག་མ་མྱ་ངན་མཚན་འགྲོས་ངན། །༣ གསུམ་མཐིང་ས་བདག་ཀླུ་མཆོད་བཟང་། །བག་མ་ཤིང་གཅོད་ལྷ་གསོལ་ངན། །༤ བཞི་ལྗང་ཀླུ་བཅོས་སྨན་སྦྱོར་བཟང་། །བྱིས་པ་སྒོར་འཁྲིད་ཡུགས་སྐྲ་ངན། །༥ ལྔ་སེར་རབ་བྱུང་ཆོས་སྟོན་བཟང་། །ས་འདྲ་སྟོན་མོ་ཁྱི་ཉོ་ངན། །༦ དྲུག་དཀར་གཡང་འཁྲུས་སྐྱས་བག་བཟང་། །མྱ་ངན་སྨྲེ་སྔགས་བཙོག་འཁོན་ངན། །༧ བདུན་དམར་བཙན་དང་དམུ་གསོལ་བཟང་། །དམར་ཐབ་ཧོམ་སྲེག་དམག་ཇག་ངན། །༨ བརྒྱད་དཀར་ལྷ་གསོལ་ཤིས་བརྗོད་བཟང་། །ཐབ་གཞོབ་མནོལ་བ་ལ་སོགས་ངན། །༩ དགུ་དམར་ཚེ་གཡང་ཚུར་ལེན་བཟང་། །ཕར་འཇལ་གཡང་རལ་ཤི་བ་ངན། །ཞེས་གསུངས། |
| Domain | རྩིས་རིག |