102381

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨེ་བའི་རོ་ལམ་ཁྲ་མོ་ (1)
Part of speech མིང་ཚིག
Definition གནམ་སྨེ་དབུས་བཞག་གིས་སྨེ་བ་གླིང་དགུར་བཀོད་ན། ཕྱོགས་དང་མཚམས་སུ་འབབ་པའི་སྨེ་བ་ལ་གཞིགས་ནས་ཕུང་པོ་འདོན་ཕྱོགས་གང་བཟང་བརྟག་པའི་རྩིས་ལ་ཟེར་ཞིང་། དེ་ཡང་ཕྱོགས་མཚམས་དག་ཏུ་བབས་པའི་སྨེ་བ་དེ་ཉིད་ཐོག་མ་བྱས་ནས་ཕྱོགས་མཚམས་དེ་རང་ལ་སྨེ་དགུ་ལུགས་འབྱུང་དུ་ཚར་རེ་བཞག་ན་རེ་ཁ་ཕྱི་ནང་དགུ་གྲུབ་ལ། རེ་ཁ་ནང་མའི་བཟང་ཕྱོགས་སུ་སྨེ་གྲངས་དང་མཉམ་པའི་གོམ་པ་སྤོས་རྗེས་ཕྱི་མ་ཕྱི་མའི་བཟང་ཕྱོགས་སུ་གོམ་པ་རེ་རེ་བརྒྱབ་སྟེ་ངན་ཕྱོགས་བསྐོར་ནས་ཕུང་པོ་འདོན་དགོས་པ་ཡིན། སྤྱིར་སྨེ་བ་དཀར་པོ་གཅིག་དྲུག་བརྒྱད་གསུམ་བབས་སའི་ཕྱོགས་བཟང་། བཞི་ལྗང་དང་ལྔ་སེར་བབས་པའི་ཕྱོགས་འབྲིང་། བཞི་ལྗང་དང་ལྔ་སེར་བབས་སའི་ཕྱོགས་འབྲིང་། དམར་པོ་བདུན་དགུ་གཉིས་དང་ནག་མཐིང་བབས་སའི་ཕྱོགས་ངན། བྱེ་བྲག་ཏུ་གཅིག་དཀར་ཕྱོགས་སུ་བྱིས་པའི་རོ་གཏོང་མི་རུང་ཡང་བཀྲ་རོ་བཏང་ན་བཟང་། གསུམ་མཐིང་ཕྱོགས་སུ་རྦབ་ཤོར་དང་རབས་ཆད་ཤར་པོའི་རོ་གཏོང་མི་རུང་ཡང་སྨྱོ་རོ་བཏང་ན་བཟང་། བཞི་ལྗང་ཕྱོགས་སུ་མཛེ་རོ་དང་། ས་བདག་ཀླུས་རྐྱེན་བྱས་ནས་ཤི་བའི་རོ། ཡུགས་སའི་རོ་བཅས་གཏོང་མི་རུང་ཡང་གཏིབས་གྲིར་ཤི་བའི་རོ་བཏང་ན་བཟང་། ལྔ་སེར་ཕྱོགས་སུ་བནྡེའི་རོ་དང་། གཏིབས་གྲི་སུབས་གྲིར་ཤི་བའི་རོ། རིམས་ཀྱིས་ཤི་བའི་རོ་བཅས་གཏོང་མི་རུང་ཡང་ཆུས་ཁྱེར་ནས་ཤི་བའི་རོ་བཏང་ན་བཟང་། དྲུག་དཀར་ཕྱོགས་སུ་བོན་རོ་དང་། དམེ་དང་གྲིར་ཤིའི་རོ། སྦྲུམ་མའི་རོ་བཅས་གཏོང་མི་རུང་ཡང་མཚོན་གྲི་དར་རོ་བཏང་ན་བཟང་། བདུན་དམར་ཕྱོགས་སུ་གྲིབ་རོ་དང་། སྲིའུ་རོ་བཅས་གཏོང་མི་རུང་ཡང་མཛེ་རོ་བཏང་ན་བཟང་། བརྒྱད་དཀར་ཕྱོགས་སུ་ཡུགས་སའི་རོ་གཏོང་མི་རུང་ཡང་གྲིབ་རོ་བཏང་ན་བཟང་། དགུ་དམར་ཕྱོགས་སུ་བཙད་པོ་རྒན་འཁོགས་ཀྱི་རོ་དང་། གྲི་རོ་བཅས་གཏོང་མི་རུང་ཡང་གྲིབ་རོ་བཏང་ན་བཟང་། གཉིས་ནག་ཕྱོགས་སུ་ཐོག་གིས་ཤི་བའི་རོ་མ་གཏོགས་གཞན་བཏང་ན་ངན་པ་བཅས་ཡིན།
Domain རྩིས་རིག