102384
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དེ་ནས་སྨེ་བའི་སྒང་རྩིས་བཤད། །ཕོ་བྲང་གླིང་དགུ་བརྒྱད་བཅུ་གཅིག ། དང་པོ་སྐྱེས་སྨེ་ངོས་བཟུང་སྟེ། །སྨེ་བ་རྣམས་ནི་འཕུར་བར་བྱ། །དབུས་ནས་གནམ་ལྕགས་རི་བོ་དང་། །མེ་ཆུ་ས་ཤིང་རླུང་བསྐྱོད་འཕུར། །དགུ་བརྒྱད་བདུན་སོགས་ཕྱིར་འགྲོས་བགྲངས། །སྐྱེས་སྨེ་གར་བབ་གནས་དེར་གཏུག ། “གནམ་ལོའི་སྨེ་བ་དབུས་བཞག་ནས། །ཕོ་ལོ་གཡས་དང་མོ་ལོ་གཡོན། །བསྐོར་བའི་ལོ་གྲངས་ཟད་མཚམས་ནས། །བརྩི་བྱའི་སྐྱེས་སྨེ་རྙེད་པ་ཡིན། །སྐྱེས་སྨེ་དབུས་བཞག་སྲོག་དབང་སྨེ། །ངོས་འཛིན་འཕུར་སྨེ་གཞུང་བཞིན་འཇུག །” |
| Domain | རྩིས་རིག |