1024

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀླུ་སྒྲུབ་ལུགསཀྱི་བཅུ་གཅིག་ཞལ་ལྷ་སུམ་ཅུ་རྩ་བདུན་ (1)
Part of speech མིང་ཚིག
Definition སློབ་དཔོན་ཀླུ་སྒྲུབ་ནས་བརྒྱུད་པའི་འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ། རྩ་ཞལ་དཀར་པོ་སྤྱན་གསུམ་ཡོད་པ། གཡས་ཞལ་ལྗང་ཁུ། གཡོན་ཞལ་དམར་པོ། དེའི་སྟེང་གི་ཞལ་གསུམ་གྱི་དབུས་མ་ལྗང་ཁུ། གཡས་ཞལ་དཀར་པོ། གཡོན་ཞལ་དམར་པོ། དེའི་སྟེང་གི་ཞལ་གསུམ་གྱི་དབུས་མ་དམར་པོ། གཡས་ཞལ་ལྗང་ཁུ། གཡོན་ཞལ་དཀར་པོ། དེའི་སྟེང་དུ་ཞལ་གཅིག་ཁྲོ་ཞལ་དམར་པོ། དེའི་སྟེང་གི་ཞལ་འོད་དཔག་མེད་དམར་པོ། རྩ་བའི་ཕྱག་ཐལ་མོ་སྦྱར་བ། ཕྱག་ལྷག་མ་གཡས་གཡོན་སོ་སོར་བཞི་བཅུ་ཡན་ལག་གི་ཕྱག་དང་བསྡོམས་ན་ཕྱག་སྟོང་ཕྲག་གཅིག འཁོར་གྱི་ལྷ་སུམ་ཅུ་སོ་དྲུག་ཡོད་པ་ཞིག་སྟེ། འདིའི་ཟུར་བཀའི་དབང་ནི་ཐོ་ཡོན་བླ་མ་རིན་པོ་ཆེ་ཡེ་ཤེས་དོན་གྲུབ་ཀྱིས་མཛད་པ་ཞིག དཀྱིལ་ཆོག་ནོར་བུའི་ཕྲེང་བ་པོད་ཀ་པའི་ནང་དུ་ཡོད་ཅིང་། ཡང་སྡེ་དགེ་ཞུས་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པ་ཞིག་ས་སྐྱ་བློ་གཏེར་དབང་པོས་ཕྱོགས་བསྒྲིགས་གནང་བ་སྒྲུབ་དཀྱིལ་ཀུན་བཏུས་ཀྱི་པོད་ཁཔའི་ནང་དུ་ཡོད།

{{#arraymap:ཀླུ་སྒྲུབ་ལུགསཀྱི་བཅུ་གཅིག་ཞལ་ལྷ་སུམ་ཅུ་རྩ་བདུན་

|; |@@@ | | }}