102411
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། བྱང་ཆུབ་ཀྱི་སེམས་བཅུའི་ཡ་གྱལ་ཞིག་སྟེ། གཡོ་བ་བྱང་ཆུབ་ཀྱི་སེམས་དེ་ཉིད་སྟོབས་སུ་གྱུར་པས་མཐའ་གཉིས་ལས་འདས་པའམ་གསང་སྔགས་འབྲས་བུའི་དོན་དེ་ཉིད་ལ་སློབ་ཅིང་རྟོགས་པར་སྨོན་པས་སྨོན་པ་བྱང་ཆུབ་ཀྱི་སེམས་ཞེས་བྱ། སེམས་འདི་ནི་ཚོགས་ལམ་ས་གཉིས་པ་བརྟེན་པ་གཞིའི་སར་དཔེ་མུན་པའི་སྤྲིན་རུམ་གསེབ་ནས་སྐར་མ་འབྲིང་པོ་སྣང་བ་ལྟ་བུར་ཆོས་ཉིད་ཀྱི་དོན་རྟོགས་པའི་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་ཞིང་། དེ་ནི་གནས་སྐབས་བཅུ་ལས་རྩོལ་བ་སྦྱོར་བའི་གནས་སྐབས་སུ་ཐོབ་པར་གསུངས། |
| Domain | ཆོས་ལུགས། |