102414

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨོན་པ་མེད་པ་སྨོན་པ་མེད་པའི་ཏིང་ངེ་འཛིན་ (1)
Part of speech མིང་ཚིག
Definition མདོ། མངོན་པ། མི་སློབ་པའི་རྒྱུད་ཀྱི་སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་དམིགས་ནས་ཏིང་ངེ་འཛིན་འདི་ནི་མི་རྟག་པའོ་ཞེས་མི་རྟག་པའི་རྣམ་པ་ཁོ་ན་ཡིད་ལ་བྱེད་པའི་ཟག་བཅས་ཀྱི་ཏིང་ངེ་འཛིན་ཞིག་སྟེ། ས་བཅུ་གཅིག་ན་ཡོད་དེ། སེར་སྨད་རྒྱལ་དབང་མཛོད་ལས། མི་སློབ་པའི་སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་དམིགས་ནས་ཏིང་ངེ་འཛིན་འདི་ནི་མི་རྟག་པའོ། །ཞེས་མི་རྟག་པའི་རྣམ་པར་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ནོ། །ཞེས་དང་། མཆིམས་མཛོད་ལས། ས་ནི་བསམ་གཏན་གཉིས་པ་ནས་སྲིད་རྩེའི་བར་གྱི་ཉེར་བསྡོགས་བདུན་མ་གཏོགས་(ན་ཉེར་བསྡོགས་བདུན་གོང་འོག་ལ་ཞི་རགས་སུ་དམིགས་ནས་འོག་ས་སུན་འབྱིན་གྱི་འཕགས་ལམ་སུན་མི་འབྱིན་པས་སོ། །) པ་འདོད་པ་དང་བསམ་གཏན་གྱི་ས་དྲུག་དང་གཟུགས་མེད་པ་ས་བཞི་སྟེ་བཅུ་གཅིག་ན་ཡོད་དོ། །ཞེས་གསུངས།
Domain ཆོས་ལུགས།