102418

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨོན་པ་སེམས་བསྐྱེད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ༡ སྨོན་པ་ནི་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པའོ། །བདག་གི་བླ་མ་ས་སྐྱ་པའི་ཞལ་སྔ་ནས་ནི། སྨོན་པ་ལ་སྨོན་པའི་སེམས། སྨོན་པའི་སེམས་བསྐྱེད་པ། སྨོན་པ་མི་ཉམས་པར་བསྲུང་བ་གསུམ་ཡོད་དོ། །ཞེས་གསུངས་པ་ནི་མདོ་དང་རྒྱུད་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་ངེས་སོ། །དེའི་རྗེས་སུ་འབྲངས་ནས་སྨོན་སེམས་རྐྱང་པ་སྡོམ་པ་མ་ཡིན་ལ། སྨོན་པའི་སེམས་བསྐྱེད་པ་ལ་མི་མཐུན་པའི་ཕྱོགས་གཞི་དང་བཅས་པ་སྤོང་སེམས་ཡོད་ན་སྨོན་སེམས་ཡང་སྡོམ་པར་འགྱུར་ཏེ། སྡོམ་པའི་མཚན་ཉིད་དང་ལྡན་པའི་ཕྱིར་རོ། །སྡོམ་པའི་མཚན་ཉིད་དང་ལྡན་ཡང་སྡོམ་པར་མི་འགྱུར་ན་སྡོམ་པ་གཞན་ཐམས་ཅད་ཀྱང་སྡོམ་པར་མི་འགྱུར་རོ། །སློབ་དཔོན་ཞི་བ་ལྷ་ནི། སྡོམ་པས་མ་ཟིན་པའི་སྨོན་པ་རྐྱང་པ་ལ་བསོད་ནམས་རྒྱུན་ཆགས་མི་བཞེད་པ་ཡིན་ནོ། །སྤྱིར་སྡོམ་པས་མ་ཟིན་ཡང་བསོད་ནམས་རྒྱུན་ཆགས་འབྱུང་བ་ལ་འགལ་བ་མེད་དེ། སངས་རྒྱས་ལ་དམིགས་ནས་མེ་ཏོག་གཅིག་ཙམ་ཕུལ་བ་ལ་ཡང་བསོད་ནམས་རྒྱུན་ཆགས་བཤད་པའི་ཕྱིར་རོ། །ཞེས་ཆོས་རྗེ་ས་པཎ་གྱི་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་ལས་སོ། ། ༢ ཐེག་ཆེན་གྱི་སྨོན་པ་སེམས་བསྐྱེད་ནི། གཞན་དོན་གྱི་ཆེད་དུ་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་འདོད་པ་མཚུངས་ལྡན་གང་ཞིག་བསམ་པ་གཙོ་བོར་གྱུར་པའོ། །ས་མཚམས་ནི། མ་མཐའ་ལམ་མ་ཞུགས་ཀྱི་རྒྱུད་ལའང་ཡོད་ལ། ཡ་མཐའ་ས་བཅུ་རྒྱུན་མཐའ་མན་ཆད་ན་ཡོད། རྒྱུན་མཐའ་ན་མེད་དོ། །ཅེས་གཡག་སྟོན་གྱི་རྒྱན་འགྲེལ་རིན་དབང་རྒྱལ་པོ་ལས་སོ། ། ༣ མཚན་ཉིད་ནི། རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པ་ཁྱད་པར་བ་གང་ཞིག་འབྲས་བུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་འདུན་པ་མཚུངས་ལྡན་དང་བཅས་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། ། ༤ ཐེག་ཆེན་གྱི་སེམས་བསྐྱེད་གང་ཞིག་བྱང་ཆུབ་སེམས་དཔའི་སྡོམ་པས་མ་ཟིན་པའོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:སྨོན་པ་སེམས་བསྐྱེད་

|; |@@@ | | }}

སྨོན་པ་སེམས་བསྐྱེད་ (2)
Part of speech མིང་ཚིག
Definition ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་གང་ཞིག གཞན་དོན་དུ་རྣམ་མཁྱེན་ཡིད་ལ་བྱེད་པའི་དྲན་འདུན་མངོན་གྱུར་དང༌། སྤྱོད་པ་ཉམས་ལེན་གྱི་བྱ་བ་གཉིས་ཀས་དངོས་སུ་མ་ཟིན་པས་རབ་ཏུ་ཕྱེ་བར་དམིགས་པ་དེའོ། །
Example འགྲོའོ་སྙམ་པའི་བློ་མངོན་གྱུར་དང༌། །འགྲོ་བཞིན་པའི་བྱ་བས་དངོས་སུ་མ་ཟིན་པའི་གནས་སྐབས་ལྟ་བུའོ། །སྨོན་སེམས་ནི། ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད་དེ། དེ་ན་སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་ཟིན་ཡང༌། གཞན་དོན་དུ་རྣམ་མཁྱེན་ཡིད་བྱེད་ཀྱི་དྲན་འདུན་མངོན་གྱུར་བས་དངོས་སུ་མ་ཟིན་པའི་སེམས་བསྐྱེད་དང༌། གཞན་དོན་དུ་རྣམ་མཁྱེན་ཡིད་བྱེད་ཀྱི་དྲན་འདུན་མངོན་གྱུར་བས་དངོས་སུ་ཟིན་ཡང༌། སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་མ་ཟིན་པའི་སེམས་བསྐྱེད་རྣམ་པ་གཉིས་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། སྟོང་ཉིད་ལ་གཉིས་སྣང་ནུབ་པའི་སེམས་དཔའི་རྒྱུད་ལ་གཞན་དོན་དུ་རྣམ་མཁྱེན་ཡིད་བྱེད་ཀྱི་དྲན་འདུན་མངོན་གྱུར་བ་དངོས་སུ་མེད་པའི་ཕྱིར་ཏེ། དཔེར་ན་འགྲོའོ་སྙམ་པའི་བློ་མངོན་གྱུར་པས་དངོས་སུ་མ་ཟིན་པའི་འགྲོ་བའི་བྱ་བ་བཞིན་ནོ། །

{{#arraymap:སྨོན་པ་སེམས་བསྐྱེད་

|; |@@@ | | }}

སྨོན་པ་སེམས་བསྐྱེད་ (3)
Part of speech མིང་ཚིག
Definition ཕར་ཕྱིན། སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་ཟིན་པ་ལ་མ་ལྟོས་པའི་རིགས་སུ་གནས་པའི་ཐེག་ཆེན་སེམས་བསྐྱེད་དུ་དམིགས་པ།

{{#arraymap:སྨོན་པ་སེམས་བསྐྱེད་

|; |@@@ | | }}

སྨོན་པ་སེམས་བསྐྱེད་ (4)
Part of speech མིང་ཚིག
Definition སྨོན་འཇུག་གང་རུང་ཡང་ཡིན། དེས་མངོན་གྱུར་དུ་མ་ཟིན་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་སེམས་བསྐྱེད། ས་མཚམས། ཐེག་ཆེན་ཚོགས་ལམ་ནས། རྒྱུན་མཐའི་བར་ན་ཡོད།

{{#arraymap:སྨོན་པ་སེམས་བསྐྱེད་

|; |@@@ | | }}