102420

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨོན་པའི་སེམས་རྣམ་པ་གསུམ་ (1)
Part of speech མིང་ཚིག
Definition ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་རིམ་པའི་མན་ངག་ལས་བྱུང་བ་འདུན་པའི་གནས་སྐབས་སོགས་ཀྱི་དབྱེ་བ་ལས་བྱུང་བ་སྟེ། འདུན་པ་དང་ལྷན་ཅིག་འདྲེས་པའི་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པར་འདོད་པའི་མཚན་ཉིད་ཅན་ནི་ས་ལྟ་བུ་ཡིན་ནོ། །བསམ་པ་དང་ལྷན་ཅིག་འདྲེས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་ཉིད་དེ། ཕྱིས་འབྱུང་བ་དང་ད་ལྟར་གྱི་འགྱུར་བ་མེད་པའི་ཕྱིར་གསེར་བཟང་པོ་ལྟ་བུ་ཡིན་ནོ། །ལྷག་པའི་བསམ་པ་དང་འདྲེས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པར་འདོད་པའི་མཚན་ཉིད་དེས་དཀར་པོའི་ཕྱོགས་འཕེལ་བར་འདོད་པའི་ཚུལ་གྱིས་ཟླ་བ་ཚེས་པ་ལྟ་བུ་ཡིན་པའོ། །
Domain ཆོས་ལུགས།