From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྨོན་ལམ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མེད་རྫོགས་བྱང་ཐོབ་པར་སྨོན་པའི་སེམས་ཁྱད་པར་ཅན་ཞིག་ལ་སྨོན་ལམ་ཟེར།
|
| Example
|
བཟང་སྤྱོད་སྨོན་ལམ། བྱམས་པའི་སྨོན་ལམ་ལྟ་བུ།
|
| Domain
|
ཆོས་ལུགས།
|
སྨོན་ལམ་ (2)
| Part of speech
|
མིང་ཚིག
|
| Definition
|
བསྔོ་བའི་ནུས་པ་བསྐྱེད་པ་དང་། ཁ་ལོ་བསྒྱུར་བ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་ཐེག་པ་དམན་པ་དང་འཁོར་བའི་བདེ་སྐྱིད་ཐོབ་པར་འདོད་པ་མ་ཡིན་ཏེ། ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཐར་ཐུག་ཐམས་ཅད་མཁྱེན་པ་བདེ་བ་མཆོག་དང་ཐུན་མོང་དངོས་གྲུབ་ཚེ་འདིར་བརྙེས་ནས། དོན་དམ་བདེན་པའི་སྐུ་གསུང་ཐུགས་མི་ཟད་པའི་རྒྱུན་གྱི་འཁོར་ལོས་སེམས་ཅན་ཐམས་ཅད་ཀྱི་དོན་འགྲུབ་པར་གྱུར་ཅིག སེམས་ཅན་ཐམས་ཅད་སངས་མ་རྒྱས་ཀྱི་བར་དུ་ཆོས་འདི་རྒྱུན་མི་པར་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག
|