102444

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨོན་ལམ་ཆེན་པོ་བཅུ་མཐར་ཐུག་པ་མེད་པའི་བསྒྲུབས་པའི་གནས་བཅུ་ (1)
Part of speech མིང་ཚིག
Definition མི་ཕམ་མདོ་སྡེ་རྒྱན་གྱི་དགོངས་དོན་རྣམ་བཤད་ཐེག་མཆོག་བདུད་རྩིའི་དགའ་སྟོན་ལས་བྱུང་བ་སྟེ། སེམས་ཅན་གྱི་ཁམས། འཇིག་རྟེན་གྱི་ཁམས། ནམ་མཁའི་ཁམས། དམ་པའི་ཆོས་ཇི་ཙམ་པ། དེ་བཞིན་མྱ་ངན་ལས་འདས་པ། སངས་རྒྱས་འབྱུང་བ། སངས་རྒྱས་ཀྱི་ཡེ་ཤེས། སེམས་ཅན་རྣམས་ཀྱི་སེམས་ཀྱི་དམིགས་པ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཇི་ཙམ་ཡོད་པ་དེ་ཙམ་དུ་སྒྲུབ་པ། དེ་དགུ་པོ་བསྡུས་ཏེ་མདོར་ན་འཇིག་རྟེན་གྱི་རྒྱུད་དང་། ཆོས་ཀྱི་རྒྱུད་དང་། ཡེ་ཤེས་ཀྱི་རྒྱུད་ཀྱི་ཁམས་བྱ་བ་བཅུ་པོ་དེ་ནི་ཕྱོགས་དང་དུས་ཀྱི་མུ་མེད་པར་ཁྱབ་པ་ཡིན་ལ། དེ་སྙེད་དུ་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་རྣམ་པར་འཕྲུལ་པ་སྟོན་པ་ལ་འཇུག་པ་རིག་པར་བྱའོ། །
Domain ཆོས་ལུགས།

{{#arraymap:སྨོན་ལམ་ཆེན་པོ་བཅུ་མཐར་ཐུག་པ་མེད་པའི་བསྒྲུབས་པའི་གནས་བཅུ་

|; |@@@ | | }}