102445

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨོན་ལམ་ཆེན་པོ་རྣམ་པ་བཅུ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ༡ ཕྱི་མ་ལ་དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། རིམ་གྲོ་བྱ་བའི་རྣམ་པ་ཐམས་ཅད་དཔག་ཏུ་མེད་པར་བྱ་བ་ནི་སྨོན་ལམ་ཆེན་པོ་དང་པོ་ཡིན་ནོ། །༢ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་གཟུང་ཞིང་བསྲུང་བར་བྱ་བ་དང༌། ཆོས་ཀྱི་ཚུལ་ཡང་དག་པར་གཟུང་བར་བྱ་བའི་ཕྱིར་སྨོན་ལམ་ཆེན་པོ། ༣ དགའ་ལྡན་གྱི་གནས་ན་བཞུགས་པ་ནས། སྔ་མ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བའི་བར་གྱི་སྨོན་ལམ་ཆེན་པོ། ༤ བྱང་ཆུབ་སེམས་དཔའི་སྤྱོད་པའི་རྣམ་པ་ཐམས་ཅད་ལེགས་པར་སྤྱད་པར་བྱ་བའི་སྨོན་ལམ་ཆེན་པོ། ༥ སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་སྨོན་ལམ་ཆེན་པོ། ༦ འཇིག་རྟེན་གྱི་ཁམས་ཐམས་ཅད་ཡང་དག་པར་བསྟན་པར་བྱ་བའི་སྨོན་ལམ་ཆེན་པོ། ༧ སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་སྨོན་ལམ་ཆེན་པོ། ༨ ཐེག་པ་ཆེན་པོ་ལ་འཇུག་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། བསམ་པ་དང་སྦྱོར་བ་གཅིག་པར་བྱ་བའི་སྨོན་ལམ་ཆེན་པོ། ༩ ཡང་དག་པའི་སྦྱོར་བ་ཐམས་ཅད་འབྲས་བུ་ཡོད་པར་བྱ་བའི་སྨོན་ལམ་ཆེན་པོ། ༡༠ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་སྨོན་ལམ་ཆེན་པོ།
Domain ཆོས་ལུགས།

{{#arraymap:སྨོན་ལམ་ཆེན་པོ་རྣམ་པ་བཅུ་

|; |@@@ | | }}

སྨོན་ལམ་ཆེན་པོ་རྣམ་པ་བཅུ་ (2)
Part of speech མིང་ཚིག
Definition མི་ཕམ་མདོ་སྡེ་རྒྱན་གྱི་དགོངས་དོན་རྣམ་བཤད་ཐེག་མཆོག་བདུད་རྩིའི་དགའ་སྟོན་ལས་བྱུང་བ་སྟེ། སངས་རྒྱས་ཐམས་ཅད་མཆོད་པ། དམ་པའི་ཆོས་མཐའ་དག་ཀུན་ཏུ་འཛིན་པ། ལུས་ཀུན་ཏུ་སྟོན་པ། ཞིང་ཀུན་ཏུ་འཇུག་པ། ཕར་ཕྱིན་མཐའ་དག་རྫོགས་པ། སེམས་ཅན་ཐམས་ཅད་སྨིན་པར་བྱེད་པ། ཞིང་ཡོངས་སུ་སྦྱོང་བ། བྱང་སེམས་རྣམས་དང་སྤྱོད་ཡུལ་མཐུན་པར་གནས་པ། སྤྱོད་པ་ཀུན་ཏུ་དོན་ཡོད་པ། བྱང་ཆུབ་ཆེན་པོ་འཐོབ་པའོ། །

{{#arraymap:སྨོན་ལམ་ཆེན་པོ་རྣམ་པ་བཅུ་

|; |@@@ | | }}