102446
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དཀོན་མཆོག་སྤྲིན་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། བྱང་ཆུབ་སེམས་དཔའ་མི་དམན་པའི་སྨོན་ལམ་པ། བྱང་ཆུབ་སེམས་དཔའ་མ་ཞུམ་པའི་སྨོན་ལམ་པ། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་པའི་སྨོན་ལམ་པ། བྱང་ཆུབ་སེམས་དཔའ་སངས་རྒྱས་ཐམས་ཅད་ཀྱིས་ཡང་དག་པར་བསྔགས་པའི་སྨོན་ལམ་པ། བྱང་ཆུབ་སེམས་དཔའ་བདུད་ཐམས་ཅད་ཤིན་ཏུ་ཚར་གཅོད་པའི་སྨོན་ལམ་པ། བྱང་ཆུབ་སེམས་དཔའ་གཞན་གྱི་དྲིང་མི་འཇོག་པའི་སྨོན་ལམ་པ། བྱང་ཆུབ་སེམས་དཔའ་མཐའ་ཡས་པའི་སྨོན་ལམ་པ། བྱང་ཆུབ་སེམས་དཔའ་མི་སྐྲག་པའི་སྨོན་ལམ་པ། བྱང་ཆུབ་སེམས་དཔའ་ཡོངས་སུ་མི་སྐྱོ་བའི་སྨོན་ལམ་པ། ༡༠ བྱང་ཆུབ་སེམས་དཔའ་ལེགས་པར་ཡོངས་སུ་རྫོགས་པའི་སྨོན་ལམ་པའོ། ། |
| Domain | ཆོས་ལུགས། |