102449
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། སེམས་བསྐྱེད་པའི་སྨོན་ལམ་ནི། དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པའི་སྨོན་ལམ་ཞེས་བྱའོ། །སྐྱེ་བའི་སྨོན་ལམ་ནི། ཕྱི་མ་ལ་སེམས་ཅན་གྱི་དོན་དང་མཐུན་པའི་འགྲོ་བ་རྣམས་སུ་སྐྱེ་བར་སྨོན་པ་ནི། བྱང་ཆུབ་སེམས་དཔའི་སྐྱེ་བའི་སྨོན་ལམ་ཞེས་བྱའོ། །སྤྱོད་ཡུལ་གྱི་སྨོན་ལམ་ནི། ཆོས་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པར་སྨོན་པ་དང༌། ཚད་མེད་པ་ལ་སོགས་པ་དགེ་བའི་ཆོས་བསྒོམ་པའི་ཡུལ་ལ་སྨོན་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་སྨོན་ལམ་ཞེས་བྱའོ། །ཡང་དག་པའི་སྨོན་ལམ་ནི། ཕྱི་མ་ལ་མདོའམ། རྒྱས་པར་བྱང་ཆུབ་སེམས་དཔའི་དགེ་བ་ཐམས་ཅད་བསྡུས་པ་དང༌། ཡོན་ཏན་ཐམས་ཅད་བསྡུ་བའི་ཕྱིར་སྨོན་པ་ནི། བྱང་ཆུབ་སེམས་དཔའི་ཡང་དག་པའི་སྨོན་ལམ་ཞེས་བྱའོ། །སྨོན་ལམ་ཆེན་པོ་ནི། བྱང་ཆུབ་སེམས་དཔའི་སྨོན་ལམ་ཆེན་པོ་ནི། ཡང་དག་པའི་སྨོན་ལམ་དེ་ཉིད་ལས་རིག་པར་བྱའོ། ། |
| Domain | ཆོས་ལུགས། |