From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྨོན་སེམས་ (1)
| Part of speech
|
མིང་ཚིག
|
| Definition
|
འདོད་དོན་ཞིག་འགྲུབ་པའི་ཆེད་དུ་ཡིད་ཀྱིས་མོས་པའམ་འདུན་པའི་སེམས།
|
| Example
|
རོགས་དང་མཇལ་བར་སྨོན་སེམས་བྱས་ལྟ་བུ།
|
སྨོན་སེམས་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མེད་རྫོགས་བྱང་ཐོབ་པར་སྨོན་པའི་སེམས་ཁྱད་པར་ཅན་ཞིག་ལ་སྨོན་སེམས་ཟེར། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། སྦྱིན་སོགས་སྤྱོད་པའི་གྲོགས་ཀྱིས་ཟིན་པ་ལ་ལྟོས་མི་དགོས་པའི་རིགས་སུ་གནས་པའི་ཐེག་ཆེན་གྱི་འཇུག་སྒོར་གྱུར་པའི་རྣམ་རིག་སྨོན་སེམས་ཀྱི་འཇོག་བྱེད། སྦྱིན་སོགས་སྤྱོད་པའི་གྲོགས་ཀྱིས་ཟིན་པ་ལ་ལྟོས་དགོས་པའི་རིགས་སུ་གནས་པའི་ཐེག་ཆེན་གྱི་འཇུག་སྒོར་གྱུར་པའི་རྣམ་རིག་འཇུག་སེམས་ཀྱི་མཚན་ཉིད་དུ་ཁས་བླངས་སོ། །སྨོན་སེམས་ཀྱི་ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་ས་བདུན་པའི་བར་དང། འཇུག་སེམས་ཀྱི་ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་དོ། །ལམ་རིམ་ཆེ་ཆུང་གཉིས་དང་གསེར་ཕྲེང་ལྟར་ན་མཚན་ཉིད་སྔར་དང་འདྲ་བ་ལ་སྨོན་སེམས་ཚོགས་ལམ་ཁོ་ན་དང། འཇུག་སེམས་འཇུག་སྡོམ་ཐོབ་པའི་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་པར་གསུངས་སོ། །འདི་ཉིད་ཡིད་རབ་ཏུ་དང་བའི་གནས་སུ་མཐོང་ངོ་། །
|
| Domain
|
ཆོས་ལུགས།
|