102483

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨྱན་བྱེད་པའི་ལྷག་མ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་གིས་སྐྱེས་པ་དང་བུད་མེད་སྨྱན་བྱས་ནས་མཐར་འཁྲིག་བདེ་མྱོང་པའམ་མཐུན་པར་བྱས་པ་ན་སྨྱན་བྱེད་པའི་ལྷག་མ་རྫོགས་པ་ཡིན་ནོ། །དེའི་ངོ་ཏི་ནི། པཎ་ཆེན་འདུལ་ལས། དགེ་སློང་གིས་སྐྱེས་པ་དང་བུད་མེད་གསར་དུ་སྨྱན་བྱས་པའམ་མི་མཐུན་པ་མཐུན་པར་བྱས་པའི་རྐྱེན་གྱིས་བསྟེན་བྱ་སྟེན་བྱེད་ཕྲད་པ་ན་ལྷག་མ་འགྱུར་བའི་ཕྱིར། གླེང་གཞི་ལ་གཉིས་ལས་བྱུང་ལ་མ་བཅས་པའི་གླེང་གཞི་ནི་མཉན་ཡོད་དུ་རི་དྭགས་འཛིན་གྱི་བུ་ནག་པོས་སྨྱན་བྱས་པའི་བྱུང་པ་སྟེ། བཅས་པ་མ་མཛད་དོ། །བྱུང་ལ་བཅས་པའི་གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་སྨྱན་བྱས་པས་དགེ་འདུན་ལྷག་མ་འདི་བཅས་སོ། །དགག་བྱ་ནི་ཆགས་པ་འཕེལ་བ་དང་། རང་ཉིད་ཕམ་པ་དང་པོའི་རྒྱུར་འགྱུར་བའོ། །ཞེས་གསུངས།
Domain ཆོས་ལུགས།