102529

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨྱུག་རྩི་ཅུ་གང་ (1)
Part of speech མིང་ཚིག
Definition སྨྱུག་ཅུ་གང་གི་མིང་གཞན་ཏེ། ཤིང་ཝཾ་ཤ་རོ་ཙཱ་ན་ཞེས་པའི་སྨྱུག་མའི་རིགས་ཤིག་ས་ལ་བཏབ་ནས་སོ་ནམ་བྱས་པའི་རྐང་ལས་བྱུང་བ། ཁ་དོག་དཀར་ལ་སེར་ཁ་ཅུང་ཟད་ཡོད་པ། དབྱིབས་ཧ་ཤིག་བརྡར་ཕྱེ་འདྲ་བ་འཇམ་ཞིང་སྣུམ་ལ་འབོལ་བ་དང༌། ལག་པ་སོགས་ལ་འགོས་ཤིང་ཞིབ་ཀྱང་དར་རས་རྐང་སག་གེ་བའི་ནང་དུ་བཏུམ་ཀྱང་མི་འཐུལ་བ། ཁར་འཇུ་ཞིང་བྲོ་བའི་རོ་མི་གསལ་བ། ཡུན་དུ་མྱངས་ཚེ་ཅུང་ཟད་མངར་ཉམས་ཡོད་པ་དེ་དང་ཡང་ན་སྦུ་སྨྱུག་གི་ཁོག་པར་དེའི་རྒྱུ་བཅུག་སྟེ་ས་འོག་ཏུ་སྦས་ན་དེ་ཉིད་ཀྱི་ཁོག་པ་ཅུ་གང་གིས་ཁེངས་ཡོང་ཞིང་རོ་ཅུང་མངར་བ། ལྕེ་སྟེང་དུ་བཞག་ན་འབྱར་ཞིང་ཞུ་འགྲོ་བ་ཞིག་སྟེ། རྒྱ་གར་དང༌། འབར་མ། ཀོང་ཏུང༌། ཡུན་ནན་སོགས་ཚ་བ་ཆེ་བའི་ས་ཁུལ་དུ་སྐྱེ་བ་མང་ཞིང༌། ཤིང་ཝཾ་ཤ་རོ་ཙཱ་ན་ཞེས་པའི་སྨྱུག་མ་ལ་ཅུ་གང་སྦྲང་མ་ཞེས་པའི་འབུ་དེས་སྨྱུག་མའི་ནང་ཨི་ཁུང་ཕུག་པས་དེའི་རྨ་ཁ་ནས་བབས་པའི་ཐང་ཆུའམ་ཁུ་བ་སྨྱུག་མའི་ནང་དུ་རྡོག་པོར་འདྲིལ་བ་ཞིག་ཡིན། འདི་རང་བྱུང་གི་འབྱུང་བའི་ཐོན་ཚད་མཐོན་པོ་མེད་པས་མི་རྣམས་ཀྱིས་དེའི་སྨྱུག་མའི་ནགས་ཚལ་ལ་མེ་བཏང་སྟེ། ཚ་ཚད་མཐོན་པོས་ཐང་ཆུ་སྨྱུག་མའི་ནང་དུ་བབས་ནས་ཆགས་སུ་བཅུག་པ་གྲང་རྗེས་རྡོག་པོར་འདྲིལ་བ་བླངས་ཏེ་བསིལ་སྐེམ་བྱས་པ་སྨན་སྦྱོར་ནང་སྤྱོད་པ། རོ་བསྐ་ལ་ཅུང་མངར་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བ། ཕན་ནུས་གློ་ནད་དང༌། གློ་ཚད་སོགས་གློ་བའི་ནད་རིགས་ཀུན་སེལ་བ་དང༌། རྨའི་ཚ་བ་གཅོད་པར་བྱེད་པ་ཡིན།