From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྨྱོ་བྱེད་ (1)
| Part of speech
|
མིང་ཚིག
|
| Definition
|
སེམས་མི་དྲན་ཞིང་མྱོས་པར་བྱེད་པའི་གདོན་ཏེ། རྣམ་ཤེས་ཚོགས་དྲུག་རྒྱུ་བའི་ལམ་དུ་ནད་སོགས་ཞུགས་ནས་ཡིད་ཀྱི་ལམ་བཀག་པས། དེ་ཉིད་ལོག་པར་ཞུགས་ནས་ཤེས་པ་གཡེང་ཞིང་དྲན་པ་ཉམས་ནས་སྨྱོ་བར་བྱེད་པའི་ནད་ཀྱི་མིང༌།
|
སྨྱོ་བྱེད་ (2)
| Part of speech
|
མིང་ཚིག
|
| Definition
|
འདོད་ལྷའི་མདའ་ལྔའི་ཡ་གྱལ་ཞིག
|
སྨྱོ་བྱེད་ (3)
| Part of speech
|
མིང་ཚིག
|
| Definition
|
ཕལ་ཆེར་ཡི་དྭགས་སུ་གཏོགས་པ་ཤིག་སྟེ། ཅོ་ནེའི་མཛོད་ཀྱི་ཊཱིཀྐ་ལས། འབྱུང་པོ་ཤ་ཟ་སྲིན་པོོ་སྨྱོ་བྱེད་བརྗེད་བྱེད་གཤིན་རྗེ་མ་མོ་སོགས་ཕལ་ཆེར་ཡི་དྭགས་སུ་གཏོགས་ཤིང་། ཞེས་གསུངས།
|