102569

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨྱོ་ཤུལ་ལྗོན་པ་ལུང་དགོན་ (1)
Part of speech མིང་ཚིག
Definition སྔོན་དུས་སུ་ཤར་ཀཿཐོག་པའི་ཆོས་རྒྱུད་ལས་མཆེད་བའི་སྒྲུབ་སྐོར་རེ་དར་ན་ཡང་། སྤྲོས་མེད་ཀྱི་སྤྲ་གུར་ཙམ་ལས་ཡོངས་གྲགས་ཀྱི་དགོན་སྡེ་མ་བྱུང་། བླ་མ་ལུང་རྟོགས། ཀུན་མཁྱེན་ངག་གི་དབང་པོ། ལུང་རྟོགས་བསྟན་པའི་ཉི་མའི་ཡང་སྤྲུལ། འཇམ་དཔལ་ལེགས་བཤད་ཆོས་ཀྱི་ཉི་མ་སོགས་ཀྱིས་བསྐྱངས། དགོན་གནས་འདིའི་རྟེན་དང་བརྟེན་པ་ནི། ལྷ་ཁང་གཉིས། སྐུ་འདྲ་ལི་མ། གཏེར་མ། གསེར་སྐུ་བཅས་ལྔ་བརྒྱ། གསུང་རྟེན་བཀའ་འགྱུར་ཆ་གསུམ། ཐུགས་རྟེན་གསེར་དངུལ་གྱིས་མཆོད་རྟེན་བརྒྱད། མཁན་ཆེན་ངག་གི་དབང་པོའི་སྐུ་གདུང་སོགས་ཡོད། དེར་མ་ཟད་དགོན་གནས་འདི་ཡང་བཤད་སྒྲུབ་གཉིས་ལྡན་གྱི་རྒྱལ་བ་ཀཿཐོག་པའི་ཆོས་རྒྱུད་རེད།