102574

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨྱོན་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། སྨྱོན་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ནི། གསང་སྔགས་ཀྱི་ཉམས་ལེན་ལ་བརྟེན་ནས་རྐྱེན་ངན་གྲོགས་སུ་འཆར་ཞིང་བརྟུལ་ཞུགས་ལམ་དུ་ལྷོངས་པའི་ནུས་མཐུ་དང་ལྡན་པའི་རྣལ་འབྱོར་པའི་སྤྱོད་པ་སྟེ། འོད་གསལ་སྙིང་པོ་ལས། གཞན་ཡང་སྤྱོད་པ་ལ་མཉམ་བཞག་ཏུ་ཏིང་འཛིན་བསྒོམ་པ་དང་། རྗེས་ཐོབ་ཏུ་གང་སྣང་སྒྱུ་མ་ལྟར་བལྟ་བས་འདོད་པའི་ཡོན་ཏན་ཅི་བདེར་སྤྱོད་པ་སོགས་དབྱེ་སྒོ་ཤིན་ཏུ་མང་ཡང་། སྤྱོད་པ་ཕལ་ཆེ་བ་རྗེས་ཐོབ་ཀྱི་སྐབས་ནས་བཞག་ལ། དེ་ཡང་ནང་གི་དྲོད་ཐོབ་ཚུལ་དང་ཉམས་ལེན་ལ་བོགས་ཐོན་ཚུལ་ལས་སྤྱོད་པ་དུ་མར་འགྱུར་ཏེ། སྤྲོས་བཅས་དང་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཅེས་པ་དང་། ལས་དང་པོ་བ་དགེ་སྦྱོང་གཞོན་ནུའི་སྤྱོད་པ། རྐྱེན་ཐུབ་ནས་སྨྱོན་པ་བརྟུལ་ཞུགས་ཀྱི་སྤྱོད་པ། བརྟན་པ་ཐོབ་ནས་རྒྱལ་པོ་ས་འཛིན་གྱི་སྤྱོད་པ་ཞེས་གསུངས་པ་དང་། གཞན་ཡང་ཀུན་འདར་དང་ཀུན་བཟང་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་ལ་སོགས་པ་མིང་གི་ཚུལ་སྣ་ཚོགས་དང་དབྱེ་བ་དུ་མར་འགྱུར་རོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:སྨྱོན་པ་བརྟུལ་ཞུགས་ཀྱི་སྤྱོད་པ་

|; |@@@ | | }}