102599

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨྲ་བའི་རྒྱན་གྱི་ཕན་ཡོན་ཉི་ཤུ་རྩ་བདུན་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལ་བྱུང་བ་སྟེ། ༡ འཁོར་གྱི་ནང་དུ་ཤིན་ཏུ་བཀུར་བར་འགྱུར་ཞིང༌། ཤིན་ཏུ་ཚིག་བཙུན་པར་འགྱུར་ལ། ཤིན་ཏུ་འཇིགས་པ་མེད་པར་འགྱུར་བ། ༢ གཞན་གྱི་གཞུང་ལུགས་ཀྱི་སྐྱོན་ཤེས་པར་འགྱུར་བ། ༣ བདག་གི་གཞུང་ལུགས་ཀྱི་ཁྱད་པར་ཤེས་པར་འགྱུར་བ། ༤ མངོན་པར་ཞེན་པ་མེད་པར་འགྱུར་བ། ༥ བསྟན་བཅོས་ཡོངས་སུ་འཛིན་པ་ལ་ཕྱོགས་ལ་ཆགས་པ་མེད་པ། ༦ བདག་གི་འདུལ་བ་ལས་མི་འགྱུར་བ། ༧ གཞན་གྱིས་སྨྲས་པ་ཤིན་ཏུ་མྱུར་དུ་གོ་བ། ༨ གཞན་གྱིས་སྨྲས་པ་ཤིན་ཏུ་མྱུར་བར་འཛིན་ནུས་པ། ༩ གཞན་གྱིས་སྨྲས་པའི་ལན་ཤིན་ཏུ་མྱུར་བར་འདེབས་ནུས་པ། ༡༠ ཚིག་གི་ཡོན་ཏན་གྱིས་འཁོར་དགའ་བར་བྱེད་པ། ༡༡ རིག་པ་དེ་ལ་མོས་པ་རྣམས་མགུ་བར་བྱེད་པ། ༡༢ དོན་གྱི་ངེས་པའི་ཚིག་བཟང་པོས། ཚིག་དང་ཡི་ག་བྱེད་པ། ༡༣ ལུས་ཀྱིས་གནོད་པར་མི་འགྱུར་བ། ༡༤ ཡིད་ཀྱིས་གནོད་པར་མི་འགྱུར་བ། ༡༥ ཚིག་མི་ཐོགས་པར་སྨྲ་བ། ༡༦ སྤོབས་པ་ཐུག་པ་མེད་པ། ༡༧ ལུས་མི་ངལ་བ། ༡༨ བརྗོད་པ་མེད་པ་དང༌། སེམས་ཉམས་པ་མེད་པ། ༡༩ ལྐོག་མ་ཉམས་པར་མི་འགྱུར་བ། ༢༠ དེའི་ཚིག་གསལ་ཞིང་བརྡ་ཕྲད་པ། ༢༡ བདག་ཉིད་སྲུང་ཞིང་བདག་མི་འཁྲུག་པ། ༢༢ ཕ་རོལ་གྱི་སེམས་སྲུང་ཞིང་ཕ་རོལ་འཁྲུག་པར་མི་བྱེད་པ། ༢༣ ཕྱིར་སྨྲ་བའི་སེམས་མངོན་པར་དང་བར་བྱེད་པ། ༢༤ འཁོན་མེད་ཅིང་འགྲན་ཟླ་མེད་པར་འགྱུར་བའི་ལམ་ལ་ཞུགས་པ། ༢༥ ཕྱོགས་དང་ཕྱོགས་མཚམས་སུ་བསྔགས་པ། ༢༦ གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་རྒྱ་ཆེར་གྲགས་པར་འགྱུར་བ། ༢༧ སློབ་དཔོན་ཆེན་པོ་སློབ་དཔོན་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དང༌། འཇིག་རྟེན་དུ་སྒྲ་གྲགས་པར་འགྱུར་བ་བཅས་སོ། །
Domain ཆོས་ལུགས།