102624

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨྲང་ (1)
Part of speech མིང་ཚིག
Definition རིག་བྱེད་དམ་ངག་གི་མིང་སྟེ། བརྡ་ཡིག་བློ་གསལ་མགྲིན་རྒྱན་ལས། སྨྲང་ནི་རིག་བྱེད་དམ་ངག་ལའང་འཇུག་ཅེས་གསུངས།
སྨྲང་ (2)
Part of speech མིང་ཚིག
Definition དེའི་དོན་ནི། གསང་བ་འདུས་པའི་དོན་གྱི་རྒྱུད་ལས། སྨྲ་གསལ་ངག་བདེ་བརྡ་འཕྲོད་སྨྲང་། ཞེས་གསུངས་པས། སྨྲ་བ་གསལ་ལ་ངག་བདེ་བའི་བརྡ་སྤྲོད་ཐབས་སྐད་ཀྱི་དབྱངས་རྟ་ལ་ཟེར།
Example གླུད་བསྔོ་ཡུལ་གྱི་ལྷ་འདྲེ་སོགས་ལ་གོ་བརྡ་སྤྲོད་ཐབས་ཀྱི་སྒྲུབ་གཤེན་གྱི་སྨྲ་གསལ་ངག་བདེའི་སྐད་ཀྱི་དབྱངས་རྟ་དེ་དག་ལ་ཟེར། གཅོང་སྐད་ཅེས་པ་དང་འདྲ། རྣམ་གྲངས་ལ་ཡང་མང་དུ་ཡོད་དེ། གཟེར་མིག་ལས། སྨྲང་ཚིག་ཆུ་བོའི་གཞུང་ཙམ་ཞལ་ནས་འདོན། ཞེས་དང་། མདོ་འདུས་ལས་ཀྱང་། སྨྲང་རྒྱུད་འབུམ་ལ་མཁས་པར་གྱུར། ཞེས་སོགས་གསུངས་པས་སོ། །
Domain ཆོས་ལུགས།