102758

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲ་བརྐྱང་གང་གིས་གདིང་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཆོས་བཅུ་གཅིག་དང་ལྡན་པས་གདིང་སྟེ། དབྱར་གནས་པ་ཁས་བླངས་པ་དང་། དབྱར་མ་རལ་བ། དབྱར་སྔ་མ་གནས་པར་ཁས་བླངས་པ། གནས་དེ་ཉིད་དུ་གནས་པ་ཁས་བླངས་པ། ས་གཞན་ན་གནས་པ་མ་ཡིན་པ། དེ་དག་ཉིད་འཐོབ་པ་མ་ཡིན་པ། བསྙེན་པར་རྫོགས་པ་ཡིན་པ། ཆོས་གཞན་པའི་ཕྱོགས་སུ་སོང་བ་མ་ཡིན་པ། མཚན་མཐུན་པ། ཐ་སྙད་དང་ལྡན་པ། ལུས་ཐ་མལ་པར་གནས་པའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། གང་ཟག་ནི་དབྱར་སྔ་མ་ཁས་བླངས་པའི་དགེ་སློང་གི་དགེ་འདུན་གྱིས་འདིང་བ་ཡིན་གྱིས། དབྱར་སྔ་མ་ཁས་མ་བླངས་པ་དང། བླངས་ཀྱང་རལ་བ་དང། དབྱར་ཕྱི་མ་ཁས་བླངས་པ་དང། དབྱར་གནས་གཞན་དུ་ཁས་བླངས་པ་དང། དེ་ལས་གཅོད་བཞིན་པ་དང། སྦོ་བ་ལ་སོགས་པ་ས་གཞན་ན་གནས་པ་དག་གིས་ནི་མི་འདིང་བར་གཞུང་ལས་བཤད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།