102760
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། སྲ་བརྐྱང་གདིང་བའི་དངོས་གཞི་ནི་སྲ་བརྐྱང་གདིང་བར་བསྐོས་པའི་དགེ་སློང་དེས་གཟེབ་ཀྱི་སྤྲོག་མའི་ནང་དུ་ཆོས་གོས་གསུམ་བརྐྱང་ནས་བྱིན་གྱིས་བརླབས་པའི་སྔགས་ཚིག་ལན་གསུམ་བརྗོད་པའི་སྒོ་ནས་གདིང་བ་ཡིན་པའི་ཕྱིར། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་དངོས་གཞི་ཡོད་དེ། སྲ་བརྐྱང་གདིང་བར་བསྐོས་པའི་དགེ་སློང་དེས་གཟེབ་ཀྱི་སྤྲོག་མའི་ནང་དུ་ཆོས་གོས་གསུམ་བརྐྱང་ནས་བྱིན་གྱིས་བརླབས་པའི་སྔགས་ཚིག་ལན་གསུམ་བརྗོད་པར་བྱ་བ་ཡིན་པའི་ཕྱིར། དེ་ཡང་། མདོར། ལན་གསུམ་བཟླས་པས་སོ། །གདིང་ངོ་ཞེས་སོ་ཞེས་གསུངས་པས། དང་པོར་དགེ་འདུན་ཐམས་ཅད་ལ་གདིང་ངོ་ཞེས་ལན་གསུམ་བཟླས་པའི་རྗེས་སུ་སྔགས་ཚིག་ལན་གསུམ་བཟླ་བ་ཡིན་ནོ། །ཞེས་གསུངས། |
| Domain | ཆོས་ལུགས། |