102762
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། སྲ་བརྐྱང་གདིང་བར་བསྐོས་པའི་དགེ་སློང་གི་སྦྱོར་ཆོག་ནི་ལས་གསུམ་སྒྲུབ་པ་སོགས་བཟི་ཡོད། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གསུམ་པ་གདིང་བར་བསྐོས་པའི་དགེ་སློང་གི་སྦྱོར་ཆོག་ཡོད་དེ། ལས་གསུམ་བསྒྲུབ་པ། སེམས་གསུམ་བསྐྱེད་པ། དགེ་འདུན་ལ་བརྗོད་པ། དགེ་འདུན་འདུ་བའི་སྐྱབས་རྗེས་སུ་སྒྲུབ་པ་དང་བཞི་ཡོད་པའི་ཕྱིར། དེ་བཞི་མདོ་ལས་གསུངས་ཚུལ་ཡོད་དེ། བཀྲུ་བ་དང་། དྲུབ་པ་དང་། ཁ་བསྒྱུར་བ་དག་ལ་དེས་སྔོན་དུ་འགྲོ་བར་བྱའོ་ཞེས་པས་དང་པོ་དང་། གདིང་བར་འགྱུར་རོ། །གདིང་ངོ་། །བཏིང་ངོ་སྙམ་དུ་སེམས་བསྐྱེད་པར་བྱའོ་ཞེས་པས་གཉིས་པ་དང་། ཚེ་དང་ལྡན་པ་དག་བདག་སང་སྲ་བརྐྱང་གདིང་བར་འགྱུར་གྱིས་ཁྱེད་ཅག་གིས་རང་རང་གི་ཆོས་གོས་རྣམས་དབྱུང་བར་བྱའོ་ཞེས་ཚོགས་པ་ལ་བརྗོད་པར་བྱའོ་ཞེས་པས་གསུམ་པ་དང་། འདུ་བའི་སྐབས་རྗེས་སུ་སྒྲུབ་པར་བྱའོ་ཞེས་པས་བཞི་པ་བསྟན་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |