102765
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། སྲ་བརྐྱང་གི་དོན་ཡོངས་སུ་རྫོགས་པ་བསྡུས་ནས་བསྟན་པས་ན་བསྡུས་དོན་ཟེར། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བསྡུས་དོན་གྱི་དབང་དུ་བྱས་ན་སྲ་བརྐྱང་གི་སྒྲ་བཤད་པ། རྟེན་གྱི་གང་ཟག་གང་གིས་གདིང་བ། དངོས་པོ་གང་གདིང་བ། གནས་གང་དུ་གདིང་བ། དུས་ནམ་གྱི་ཚེ་གདིང་བ། ཡུན་ཇི་སྲིད་དུ་གདིང་བ། ཆོ་ག་ཇི་ལྟ་བུས་གདིང་བ། སྲ་བརྐྱང་གདིང་བ་སྐྱོང་བའི་ཚུལ། བསྐྱངས་པ་དབྱུང་བའི་ཚུལ་དང་དགུ་ཡོད་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |