102766
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། སྲ་བརྐྱང་གི་མཇུག་ནི་སྲ་བརྐྱང་གདིང་བ་པོ་བསྐོས་པའི་དགེ་སློང་དེས་སྲ་བརྐྱང་དགེ་སློང་རེ་རེའི་མདུན་དུ་བཞག་ནས་སྲ་བརྐྱང་གདིང་ངོ་ཞེས་ལན་གསུམ་བརྗོད་པར་བྱ་བ་ཡིན་པའི་ཕྱིར། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གསུམ་པ་མཇུག་ཡོད་དེ། མདོར། དགེ་སློང་རེ་རེའི་མདུན་དུ་འདུག་ཏེ་བཏིང་ངོ་ཞེས་གོ་བར་བྱའོ་ཞེས་འབྱུང་བ་ལས། བསྐོས་པའི་དགེ་སློང་དེས་སྲ་བརྐྱང་དགེ་སློང་རེ་རེའི་མདུན་དུ་བཞག་ནས་སྲ་བརྐྱང་གདིང་ངོ་། ཞེས་ལན་གསུམ་བརྗོད་པར་བྱ་བ་ཡིན་པའི་ཕྱིར། དགེ་སློང་གཞན་རྣམས་ཀྱིས་བརྗོད་པར་བྱ་བ་ཡང་ཡོད་དེ། མདོར། གཞན་གྱི་ནི་ལེགས་པར་བཏིང་ངོ་། །ཤིན་ཏུ་བཏིང་ངོ་། །འདི་ལ་རྙེད་པ་དང་ཕན་ཡོན་གང་ཡོད་པ་དེ་བདག་གི་ཡིན་ནོ་ཞེས་སོ་ཞེས་གསུངས་པ་ལྟར་བརྗོད་པར་བྱ་བ་ཡིན་པའི་ཕྱིར། ཕན་ཡོན་ནི་འཆང་འབྲལ་འཇོག་གསུམ་གྱི་ལྟུང་བ་མི་འབྱུང་བ་བཞིན་དུ་ཡང་ཡང་ཟ་བ་དང་། འདུས་ཟ་སོགས་མི་འབྱུང་ཞིང་རྙེད་པ་ཐོབ་བོ། །ཞེས་གསུངས། |
| Domain | ཆོས་ལུགས། |