102775
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། སྲ་བརྐྱང་སྲུང་སྐྱོབས་བྱེད་པ་ཞེས་པ་དང་དོན་འདྲ། དེའི་ཚུལ་ཞིབ་པར་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བརྒྱད་པ་བསྐྱང་བའི་ཚུལ་ཡོད་དེ། གང་གིས་བསྐྱང་བའི་དབང་དུ་བྱས་ན་བསྐོས་པའི་དགེ་སློང་དེས་བསྐྱང་བར་བྱ་ཞིང་། དེ་ཉིད་གལ་ཏེ་ཤི་བའམ་བབས་པར་གྱུར་ན་སྲ་བརྐྱང་སྦེད་པ་པོའི་དགེ་སློང་གཅིག་བསྐོས་ནས་དེས་བསྐྱང་། གང་དུ་བསྐྱང་བའི་དབང་དུ་བྱས་ན། བཏིང་བའི་གནས་དེ་ཉིད་དུ་བསྐྱང་། ཡུན་ཇི་ཙམ་དུ་བསྐྱང་བའི་དབང་དུ་བྱས་ན། ཟླ་བ་ལྔར་བསྐྱང་། ཚུལ་ཇི་ལྟར་བསྐྱང་བའི་དབང་དུ་བྱས་ན་མདོར། དུས་དུས་གསང་བར་བྱ། བསྲེད་པར་བྱ། སྤྲུག་པར་བྱའོ། །ཁྱིམ་དུ་བ་ཅན་དང་རྡུལ་ཅན་དུ་བཞག་པར་མི་བྱའོ་ཞེས་སོགས་འབྱུང་བ་ལྟར་བྱ་བ་ཡིན་པའི་ཕྱིར། ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:སྲ་བརྐྱང་བསྐྱང་བ་
|; |@@@ | | }}