102776

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲ་བརྐྱང་བསྐྱངས་ནས་དབྱུང་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྲ་བརྐྱང་གཏིང་ནས་ཟླ་བ་ལྔའི་རྗེས་སུ་བྱིན་རླབས་དབྱུང་བའམ་མེད་པར་བྱེད་པ་ལའོ། །དེའི་ཚུལ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དགུ་པ་བསྐྱངས་ནས་དབྱུང་བའི་ཚུལ་ཡོད་དེ། མདོར། དབྱུང་བ་ནི་རྣམ་པ་གཉིས་ཏེ། རང་འཇུག་པ་དང༌བྲལ་བ་དང་། བཅོས་མའོ་ཞེས་འབྱུང་བ་ལས། དབྱུང་བའི་བློ་སྔོན་དུ་མེད་པར་བྱིན་བརླབས་རང་ཞིག་ཏུ་སོང་བ་རང་འཇུག༌བྲལ་གྱིས་དབྱུང་བ་དང་། དབྱུང་བའི་བློས་བཅོས་པ་བཅོས་མ་ལས་ཀྱིས་དབྱུང་བ་གཉིས་སུ་ཡོད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:སྲ་བརྐྱང་བསྐྱངས་ནས་དབྱུང་བ་

|; |@@@ | | }}