102777
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། དེ་ཡང་མཚམས་ནང་དེ་ན་གནས་པའི་དགེ་འདུན་བློ་མཐུན་ནས་དགེ་སློང་གཞན་ཞིག་ལ་གསོལ་བའི་ལས་ཀྱི་ཆོས་ཀྱི་རྒྱུད་གཏད་པར་བྱ། དགེ་སློང་དེས་ཀྱང་ཁ་བསྒྱུར་བ་དང་དྲུབ་པ་སོགས་བྱས་ནས་ཟིན་པ་ན་དགེ་འདུན་གྱི་ཐད་དུ་སོང་ནས་ཚོགས་ཀྱི་དབུས་སུ་སྲ་རྐྱང་བཏིངས་པར་འགྱུར་གྱིས། རང་རང་གི་ཆོས་གོས་ཀྱི་བྱིན་བརླབས་ཕྱུང་ངོ་། །ཞེས་ཞུས་ལ། དེ་ནས་གསོལ་བ་དང་གཉིས་ཀྱི་ཆོ་གས་ཇི་ལྟ་བ་བཞིན་དུ་འདིང་བར་བྱ་སྟེ། དྲི་ཞིམ་པོས་བདུགས་ནས་ཆོས་གོས་གསུམ་ཕྲུགས་སྤྲོགས་མའི་ནང་དུ་ཁྱེར་ནས་དགེ་སློང་རེ་རེའི་མདུན་དུ་འདུག་སྟེ་བཏིང་ངོ་ཞེས་གོ་བར་བྱའོ། །གཞན་གྱིས་ཀྱང་བཏིང་ངོ་ལེགས་པར་བཏིང་ངོ་། །འདི་ལ་རྙེད་པ་དང། ཕན་ཡོན་གང་ཡིན་པ་བདག་གོ ། ཞེས་ལན་བརྗོད་པར་བྱའོ། །དེ་ནི་སྲ་རྐྱང་བཏིང་བ་ཡིན་ལ། དེ་ནི་སྲ་རྐྱང་བསྲུང་བ་པོས་བསྐོས་ནས་དུས་དུས་སུ་སེང་བ་དང། མི་གཙང་བས་མ་གོས་པ་དང། དྲི་ཞིམ་པོས་བདུག བསྲུང་བ་པོ་དང། དེ་ཞག་གཅིག་ཀྱང་མ་བྲལ་བར་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:སྲ་བརྐྱང་འདིང་བ་
|; |@@@ | | }}