102778

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲ་བརྐྱང་འདིང་བའི་ཆོ་ག་ (1)
Part of speech མིང་ཚིག
Definition དབྱར་རྙེད་ཀྱི་རྒྱུ་ལས་བྱུང་བའི་ཆོས་གོས་གསུམ་ཕྲུག་ཡན་ཆོད་ལ་སྲ་བརྐྱང་འདིང་བའི་ཉིན་པར་དགེ་སློང་རྣམས་ཀྱི་ཆོས་གོས་ཀྱི་བྱིན་རླབས་ཕྱུང་ནས་གསོལ་གཉིས་ལས་ཀྱིས་ཐུགས་བསྟུན་པ་དང༌། འདིང་བ་པོ་བསྐོ་བ་སོགས་སྦྱོར་བ་དང༌། དབྱར་ཁས་ལེན་པའི་དགེ་སློང་རྣམས་ཀྱིས་དབྱར་གནས་བྱེད་པའི་གནས་དེར་དབྱར་གནས་གྲོལ་བའི་དགག་དབྱེའི་ཕྱི་ཉིན་ཚེས་བཅུ་དྲུག་གི་ནངས་པར་ལྷན་ཅིག་འདུས་པ་ལ་ལས་བསྐོ་བས་སྔགས་ལན་གསུམ་བརྗོད་ནས་གོ་བར་བྱ་བ་དངོས་གཞི་དང་དགེ་འདུན་གྱིས་ཡི་རང་བརྗོད་ནས་ལས་བསྐོ་བས་ཚགས་སྐོང་བྱེད་པ་ལས་མཚམས་ཀྱི་ཕྱི་རོལ་ཏུ་མི་འཁྱེར་བ་དང༌། དུས་དུས་སུ་རླུང་སེང་དང་རྡུལ་སྤྲུགས་སོགས་རྗེས་ཀྱི་བྱ་བ་དམ་ཚིག་བསྲུང་བ་བཅས་སོ། །
Domain ཆོས་ལུགས།

{{#arraymap:སྲ་བརྐྱང་འདིང་བའི་ཆོ་ག་

|; |@@@ | | }}