102780

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲ་བརྐྱང་འདིང་བའི་ཕན་ཡོན་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཕན་ཡོན་ནི། འཆང་འབྲལ་འཇོག་གསུམ་གྱི་ལྟུང་བ་མི་འབྱུང་བ་དང། ཆོས་གོས་མ་བརྟགས་པར་འཆང་བ་ལ་ཉེས་པ་མེད་པ་སོགས་མང་དུ་ཡོད་དེ། ཚིག་ལེ་ལས། འདིང་བྱ་སྲ་རྐྱང་བཏིང་བ་ཡི། །དགེ་སློང་རྣམས་པ་ཕན་ཡོན་མང། །ཡང་དག་ཕན་བཞེད་སྟོན་པས་གསུངས། །ཞག་བཅུ་ཟླ་བ་ངེས་པ་དང། །མ་བརྟགས་པར་ནི་འཆང་བ་དང། །སྣམ་སྦྱར་མེད་པར་གྲོང་སོགས་འཇུག ། ཡང་ཡང་ཟ་བ་ཉིད་དང་ནི། འདུས་ཤིང་ཟ་བར་ཉེས་པ་མེད། །བསྒོ་བ་མེད་པར་ཡང་དག་འགྲོ། །ཞེས་གསུངས་སོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།