102904

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲས་མཁར་མའི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། སྲས་མཁར་མའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་གྱ་བདུན་པ་ཡིན། བརྗོད་བྱ་ནི། དུག་ལྔ་ཡེ་ཤེས་ལྔའི་ངོ་བོ་རྒྱལ་བ་རིགས་ལྔར་ཞལ་བསྒྱུར་དང་། འཕོ་བ་གྲོང་འཇུག་གི་གདམས་པ་སྒོམ་པའི་ཚུལ་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང་། །མར་པ་མདོ་སྡེ་གུ་རུ་ཆོས་དབང་ཕྱུག ། རིན་ཆེན་དབང་རྒྱལ་རུ་མཚམས་སྒོམ་པ་ཆེ། །སྐྱིད་ཕུག་འོོལ་སྒོམ་བྱང་གླིང་སངས་རྒྱས་དབོན། །རིན་ཆེན་གཅུང་དང་བཀའ་བཞི་རིམ་རྒྱལ་བ། །མཁན་ཆེན་སེང་གེ་དཔལ་དང་རྔོག་བྱ་དཔལ། །བཀྲ་ཤིས་དཔལ་གྲུང་བྱང་ཆུབ་དཔལ་བ་དང་། །བྱང་ཆུབ་གྲགས་པ་བློ་གྲོས་དཔལ་བཟང་པོ། །ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཞེས་པའི་བར་ནི་སྤྱན་རས་གཟིགས་ཀྱི་ཁྲིད་ལྟར་རོ། །ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། གཏེར་ཡིག་ནང་ནས་བཀོལ་ནས་བྲིས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:སྲས་མཁར་མའི་ཁྲིད་

|; |@@@ | | }}