102917

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲི་ཅན་མདེལ་བར་ (1)
Part of speech མིང་ཚིག
Definition སྤར་ཁ་བརྒྱད་ལས་བྱང་ན་གནས་པའི་ཆུ་ཁམས་ཁམ་ལ་སྲི་ཅན་མདེལ་བར་ཟེར་ཞིང་། ཁྱིམ་ཚང་གཅིག་གི་ནང་མི་ཕལ་ཆེ་བའི་བབས་སྤར་དེའི་སྟེང་དུ་བབས་ནས་སྤུངས་ན། ཕོ་མཁལ་རྐེད་དང་ཆུ་སོ་སྐྲངས་ཤིང་ཁྱད་པར་དུ་བུ་ཆུང་བར་ངན་པས། བཟློག་རིམ་ལ་སྣང་བརྒྱད་གཟུངས་འདུས་དང་མཚོ་སྨན་དགུ་མདོས་བྱ་དགོས། དེ་མིན་ནང་གི་མི་གཅིག་གི་བབས་སྤར་ཁམ་དང་གཞན་རྣམས་ཀྱི་བབས་སྤར་མཚམས་བཞིར་སྤུངས་ན་ནད་ཡམས་ཁ་མཆུ་དང་མྱ་ངན་འོང་ངོ་ཡོད་པས། བཟློག་རིམ་ལ་སྡིག་པ་སྤངས་ཏེ་མདོ་སྡེ་དང་སྡོང་རྒྱན་བཅས་བཀླགས་ན་བཟང་།
Domain རྩིས་རིག