102920

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲི་བཅུ་ (1)
Part of speech མིང་ཚིག
Definition བོན། སྣང་གཤེན་ཐེག་པའི་ཆོ་ག་སོགས་ལ་བསྟེན་ནས་གདུལ་བྱར་གྱུར་བའི་བགེགས་རིགས་ཞིག་སྟེ། བཅུ་ནི། ཕོ་སྲི་དང། མོ་སྲི། ཆེ་སྲི། ཆུང་སྲི། དར་སྲི། རྒན་སྲི། གཞོན་སྲི། དར་སྲི། བྱིས་སྲི། བྱུར་སྲི་དང་བཅུ་སྟེ། མདོ་དྲི་མེད་གཟི་བརྗིད་པོད་གཉིས་པ་ལས། ཕོ་སྲི་རལ་ཆེན་དྲི་བདུད་རྗེ། མོ་སྲི་དར་མ་གཞོན་བདུད་རྗེ། ཕོ་མོ་སྟང་དཔྱལ་འཚོས་པ་ལས། ཆེ་སྲི་ཆུང་སྲི་དར་སྲི་དང། རྒན་སྲི་གཞོན་སྲི་དར་སྲི་དང། བྱིས་སྲི་བྱུར་སྲི་ལས་སོགས་ཏེ། འདྲེ་དགུ་སྲི་བཅུ་དམག་དང་ཆས། ཞེས་སོ། །
Domain ཆོས་ལུགས།