102939
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། དེ་ཡང་ལྷོ་གཏེར་ལུགས་ཀྱི་ཐེག་དགུ་ལས་རྒྱུ་ཐེག་བཞིའི་གསུམ་པ་སྲིད་གཤེན་ཐེག་པའི་བོན་སྤྱོད་གདུལ་ཞིང་ལ་ཕན་བདེ་བསྐྱེད་པའི་ཐབས་སུ་ཤི་ཐབས་དང་འདུར་ཐབས་སོགས་ཀྱི་བོན་སྡེ་ལག་ལེན་བྱ་ཆོག་པའི་དབང་ངམ་གནང་བ་སྦྱིན་ཡུལ་སྣོད་ཀྱི་གང་ཟག་སྟེ། རྫུ་འཕྲུལ་དྲྭ་བ་གཡུང་དྲུང་གསང་བའི་རྒྱུད་ལས། ཤེས་རིག་བློ་གསལ་ཐུགས་རྗེ་ཆེ། འཁོར་བའི་རྒྱུད་གཅོད་འགྲོ་(བ་)འདྲེན། སྟོབས་ཤུགས་དཔའ་བོ་དྲག་ཤུལ་འཆང་། ཚད་མེད་བརྩེ་སེམས་ལྡན་པ་ལ། ཤི་འདུར་འདྲེན་པའི་དབང་རྣམས་སྐུར། ཞེས་པས། དེ་ཡང་སྲིད་གཤེན་གྱི་བོན་སྤྱོད་འདུར་ཐབས་སོགས་ལ་མཁས་ཤིང་བློ་གསལ་ཐུགས་རྗེ་དང་ལྡན་པ་གང་གིས། གཤིན་པོའམ་ཤི་བོ་དེའི་བླ་ཡིད་སེམས་འཐོར་བ་སྡུད་ཅིང་ཐར་པར་འདྲེན་པ་ལ་བླ་ནི་གཤེད་ཀྱིས་བཟུང་བས་དེ་དང་ཕྲལ་བར་འདུར་ཐབས་སུ། ཕྱི་ལ་སྟོབས་ཤུགས་དཔའ་བོའི་དྲག་ཤུལ་བཀའ་རྟགས་ཀྱི་ཚུལ་འཆང་ཡང་ནང་ཐུགས་རྒྱུད་ལ་བརྩེ་སེམས་སྙིང་རྗེ་དང་ལྡན་པའི་གང་ཟག་གམ་གཤེན་རབ་ཅིག་དགོས་པར་གསུངས་སོ། ། |
| Domain | ཆོས་ལུགས། |