102943

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲིད་གསུམ་རྣམ་པར་རྒྱལ་བའི་དུས་ཆེན་ (1)
Part of speech མིང་ཚིག
Definition སྐར་རྩིས། ཉི་མ་དང་ཟླ་བ་སྒྲ་གཅན་དུས་མེ་བཅས་བཞི་ནི་བར་སྣང་གི་ངོས་ཀྱི་ཕྱོགས་བཞིའི་ཚངས་ཐིག་བཞི་རུ་འཛོམས་པའི་དུས་ཏེ། དེ་ཡང་ཉི་ཟླ་གཉིས་ཀྱི་བར་ལ་འཁོར་ཕྱེད་ལོངས་ཡོད་པའི་སྐབས་སམ་ཤར་ནུབ་ལྟ་བུའི་དྲང་ཐད་དུ་ཉི་ཟླ་འཛོམས་དུས་སུ་ཡིན་ལ། དེས་ན་ཟླ་བ་ཉ་གང་བའི་དུས་ཁོ་ན་ཡིན་པ་དང་། ཚེས་བཅོ་ལྔའི་དུས་ཐམས་ཅད་ནི་མ་ཡིན་ཏེ། སྒྲ་གཅན་དུས་མེ་དག་དང་ཕྱོགས་བཞིའི་ཚངས་ཐིག་བཞི་འཛོམས་འབྱུང་བའི་དུས་སུ་སྟེ། དེས་ན་ཉི་ཟླ་སྒྲ་གསུམ་བར་དུ་འཁོར་ཕྱེད་ཀྱི་ཕྱེད་ཆ་༦/༡༥་རེ་བར་ཁྱད་ཡོད་པའི་དུས་སམ་ཟླ་འཛིན་བྱུང་ནས་ཟླ་བ་གསུམ་ཙམ་འགྲོ་བའི་དུས་སུ་ཡིན་ལ། ཡུན་ཚད་ནི་ཉིན་ཞག་ཕྱེད་ཀྱི་དུས་ཚོད་ཡོད། རིགས་ལྡན་སྙིང་ཐིག་ལས། སྟོན་པའི་རྩ་རྒྱུད་གསུངས་པའི་དུས། །ཤར་གྱི་གླིང་ན་ཉི་མ་དང་། །ལྷོ་འདིར་དུས་མེད་ནུབ་ཟླ་བ། །སྒྲ་གཅན་བྱང་ཡོད་ཉ་ཡི་དུས། །ཞེས་དང་། གླིང་འདིའི་ནམ་ཕྱེད་ནས་བཟུང་སྟེ། །ཉིན་ཕྱེད་བར་དུ་སྲིད་གསུམ་གྱི། །རྣམ་པར་རྒྱལ་བའི་དུས་ཆེན་ཡིན། །ཞེས་གསུངས་སོ། །
Domain རྩིས་རིག

{{#arraymap:སྲིད་གསུམ་རྣམ་པར་རྒྱལ་བའི་དུས་ཆེན་

|; |@@@ | | }}