102992

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲིད་པའི་ཆུ་བོའི་རྫས་ཉི་ཤུ་རྩ་བརྒྱད་ (1)
Part of speech མིང་ཚིག
Definition དབུ་མ་ལ་འཇུག་པའི་འགྲེལ་བཤད་ཅེས་བྱ་བ་ལས་བྱུང་བ་སྟེ། ༡ གཟུགས་ཀྱི་ཁམས་ཀྱི་འདོད་ཆགས་དང་། ང་རྒྱལ་དག་ལ་བདེན་པ་བཞི་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་ཉིད་ཀྱིས་རེ་རེ་ལ་ལྔ་ལྔ་ཡིན་པས་བཅུ། ༢ དེ་བཞིན་དུ་གཟུགས་མེད་པའི་ཁམས་ན་ཡང་ཡིན་པས་བཅུ། ༣ གཟུགས་དང་གཟུགས་མེད་པ་དག་གི་ཐེ་ཚོམ་སོ་སོར་བདེན་པ་མཐོང་བས་སྤང་བར་བྱ་བ་ཡིན་པས་རྣམ་པ་བརྒྱད་བཅས་སོ། །
Domain ཆོས་ལུགས།
སྲིད་པའི་ཆུ་བོའི་རྫས་ཉི་ཤུ་རྩ་བརྒྱད་ (2)
Part of speech མིང་ཚིག
Definition འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། དང་པོ། འདོད་པ་ན་སྤྱོད་པའི་སྡུག་བསྔལ་གྱིས་བསྡུས་པ་གསུམ་སྟེ། ༡ འདོད་ཆགས། ༢ ང་རྒྱལ། ༣ ཐེ་ཚོམ་མོ། །གཉིས་པ། དེ་བཞིན་དུ་ཀུན་འབྱུང་བས་བསྡུས་པ་གསུམ། གསུམ་པ། འགོག་པས་བསྡུས་པ་གསུམ། བཞི་པ། ལམ་གྱིས་བསྡུས་པ་གསུམ། ལྔ་པ། བསྒོམས་པས་སྤང་བར་བྱ་བ་གཉིས་ཏེ། ༡ འདོད་ཆགས། ༢ ང་རྒྱལ་བཅས་དང་། དྲུག་པ། བཅུ་བཞི་པོ་དེ་དག་གཟུགས་མེད་པས་ཀྱང་བསྡུས་པ་བཅས་སོ། །