103006

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲིད་པའི་འདོད་ཆགས་ (1)
Part of speech མིང་ཚིག
Definition ཁམས་གོང་མ་གཉིས་ཀྱི་འདོད་ཆགས་ཏེ། ལུས་ཁོ་ན་སྲིད་པ་ཡིན་ལ་སེམས་ཅན་དེ་དག་ཀྱང་སྙོམས་པར་འཇུག་པ་རྟེན་དང་བཅས་པ་རོ་མྱོང་བར་བྱེད་པ་ན་འདོད་པའི་འདོད་ཆགས་དང་བྲལ་བའི་ཕྱིར་དང་། ལུས་ཁོ་ན་རོ་མྱོང་བར་བྱེད་པ་ཡིན་ཏེ། དེའི་ཕྱིར་འདོད་ཆགས་དེ་ནི་སྲིད་པའི་འདོད་ཆགས་ཞེས་བཤད་དོ། །གཞན་ཡང་དེ་དག་ནི་ཕལ་ཆེར་ཁ་ནི་ནང་དུ་བལྟས་པ་སྙོམས་པར་འཇུག་པ་ལ་འདོད་ཆགས་པ་ཡིན་པའི་ཕྱིར་རོ། །དེར་ཁ་ཅིག་ཁམས་དེ་གཉིས་ལ་ཐར་པ་ཡིན་ནོ་སྙམ་པའི་འདུ་ཤེས་ཡོད་པ་དེ་ཟློག་པའི་ཕྱིར་དེ་ལ་འདོད་ཆགས་སུ་བཤད་དོ། །
Domain ཆོས་ལུགས།