103010

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲིད་པའི་ཡན་ལག་ (1)
Part of speech མིང་ཚིག
Definition མདོ། མངོན་པ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་གསེས། ལེན་པའི་རྐྱེན་གྱིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཡང་སྲིད་མངོན་པར་འགྲུབ་པར་བྱེད་པའི་ལས་སྟོབས་དང་ལྡན་པ་མངོན་དུ་བྱེད་པ་སྟེ། མཛོད་ལས། དེ་སྲིད་འབྲས་བུ་འབྱུང་འགྱུར་བའི། །ལས་བྱེད་དེ་ནི་སྲིད་པ་ཡིན། །ཞེས་པ་ལྟར། དེ་ལྟར་ཡོངས་སུ་རྒྱུག་པ། དེ་སྲིད་འབྲས་བུ་འབྱུང་བར་འགྱུར་བའི་ལས་བྱེད་པ་དེ་ནི་སྲིད་པ་ཡིན་ནོ། །དབྱེ་ན། སྔོན་དུས་ཀྱི་སྲིད་པ་དང༌། འཆི་སྲིད། བར་སྲིད། སྐྱེ་སྲིད་དེ་བཞིའོ། །
Domain ཆོས་ལུགས།

{{#arraymap:སྲིད་པའི་ཡན་ལག་

|; |@@@ | | }}