103016
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་སྲེད་ལེན་གྱིས་གསོས་བཏབ་པ་ལ་བརྟེན་ནས་རྣམ་ཤེས་ཀྱི་སྟེང་དུ་བག་ཆགས་ནུས་པ་མཐུ་ཅན་དུ་གྱུར་པའི་སྐབས་ཤིག་ལ་བཅུ་པ་སྲིད་པའི་རྟེན་འབྲེལ་ཞེས་བརྗོད། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་ལས། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཡན་ལག་བཅུ་པ་གང་ཞིག ། ལས་ཀྱི་སྲིད་པས་བསྡུས་པ་དེ་ཡན་ལག་བཅུ་པ་སྲིད་པའི་རྟེན་འབྲེལ་གྱི་མཚན་ཉིད། ཡང་སྤྱི་དོན་ལས། ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་ལེན་པའི་མཐུས་ཡང་སྲིད་ཀྱི་སྐྱེ་བ་འགྲུབ་པའི་ནུས་པ་མཐུ་ཅན་དུ་གྱུར་པའི་ལས་དེ་དེ་ཡིན་པའི་ཕྱིར། སྲིད་པ་བདུན་དུ་ཕྱེ་བའི་ལས་ཀྱི་སྲིད་པའང་ཡིན་ནོ། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:སྲིད་པའི་རྟེན་འབྲེལ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཀུན་ནས་ཉོན་མོངས་ཕྱོགས་ཀྱི་ནང་ཚན་དུ་གྱུར་པའི་ཡན་ལག་བཅུ་པ་གང་ཞིག ཡང་སྲིད་འགྲུབ་བྱེད་ཀྱི་ལས་སུ་དམིགས་པ། དེའི་མཚན་ཉིད་ཡིན། དེ་ལ་དབྱེ་ན། ཁོ་རང་ཡིན་པར་གྱུར་པའི་ལུས་ངག་ཡིད་གསུམ་ཀའི་ལས་ཡོད། གཉིས་པ་འདུ་བྱེད་ཀྱི་རྟེན་འབྲེལ་དང་འདྲ། དེ་ཡིན་ན། ཟག་བཅས་དགེ་བ་དང༌། མི་དགེ་བ་གང་རུང་གིས་བསྡུས་པས་ཁྱབ་སྟེ། བདེ་འགྲོའི་ཡང་སྲིད་འགྲུབ་བྱེད་ཀྱི་ལས་ཡིན་ན། ཟག་བཅས་ཀྱི་དགེ་བ་ཡིན་པས་ཁྱབ། ངན་འགྲོའི་ཡང་སྲིད་འགྲུབ་བྱེད་ཀྱི་ལས་ཡིན་ན། གཉིས་པ་དེ་ཡིན་པས་ཁྱབ་པའི་ཕྱིར། ངན་འགྲོའི་ཡང་སྲིད་འགྲུབ་བྱེད་ཀྱི་བཅུ་པ་སྲིད་པའི་རྟེན་འབྲེལ་དུ་གྱུར་པའི་མཐོང་སྤང་དང༌། སྒོམ་སྤང་གཉིས་ཀ་ཡོད། བདེ་འགྲོའི་ཡང་སྲིད་འགྲུབ་བྱེད་ཀྱི་བཅུ་པ་སྲིད་པའི་རྟེན་འབྲེལ་དུ་གྱུར་པའི་དེ་གཉིས་གང་རུང་མེད་དེ། དེ་ཡིན་ན། སྒྲིབ་པ་མ་ཡིན་དགོས་པའི་ཕྱིར། གང་ཟག་ནི། ཡང་སྲིད་ཕྱི་མར་སྐྱེ་བ་ལེན་པའི་འཆི་སྲིད་ལ་གནས་པའི་གང་ཟག་རྣམས་ཀྱི་རྒྱུད་ལ་ཡོད། ཕུང་སོགས་གང་ཡིན་དཔྱད་པ་ནི། མཚུངས་ལྡན་འདུ་བྱེད་ཀྱི་ཕུང་པོར་འདུས་ཏེ། དེ་ཡིན་ན། སེམས་བྱུང་ཡིན་དགོས་པའི་ཕྱིར། དེས་ན། སྲེད་པ་དེ་ཡང་ཕུང་པོ་ལྔ། །ཞེས་སོགས་རྩ་འགྲེལ་གྱིས་བཅུ་པ་སྲིད་པའི་རྟེན་འབྲེལ་དུ་གྱུར་པའི་ཡིད་ཀྱི་ལས་དེ། ཁོ་རང་དང་མཚུངས་ལྡན་གྱི་ཚོར་བའི་ཕུང་པོོ་སོགས་ཕུང་པོ་ལྷག་མ་བཞིའི་རང་བཞིན་ཅན་ཡིན་པ་དང༌། ཐལ་གྱུར་བའི་ལུགས་ལ་བཅུ་པ་སྲིད་པའི་རྟེན་འབྲེལ་དུ་གྱུར་པའི་ལུས་ངག་གི་ལས་རྣམས་གཟུགས་ཕུང་ཡིན་པས། བཅུ་པ་སྲིད་པའི་རྟེན་འབྲེལ་དེ་ལ་ཕུང་པོ་ལྔའི་རང་བཞིན་ཅན་དུ་བཤད་པ་ཡིན། སྤྱིར་སྲིད་པ་དེ་ལ། འདོད་པའི་སྲིད་པ། གཟུགས་ཀྱི་སྲིད་པ། གཟུགས་མེད་ཀྱི་སྲིད་པ་དང་གསུམ་ཡོད། ཡང་དེ་ལ། སྐྱེ་སྲིད། སྔོན་དུས་ཀྱི་སྲིད་པ། འཆི་སྲིད། བར་སྲིད་དང་བཞི། བར་སྲིད་འགག་པ་ནས་སྔོན་དུས་ཀྱི་སྲིད་པ་གྲུབ་ཁ་ཚུན་ཆད་ཀྱི་སྲིད་པ་རྣམས་དང་པོ། སྐྱེ་སྲིད་སྐད་ཅིག་ཕྱི་མའམ། ཐ་མ་འགག་པ་ནས། འཆི་སྲིད་གྲུབ་ཁ་ཚུན་ཆད་ཀྱི་སྲིད་པ་གཉིས་པ་དང༌། དེ་སྐད་ཅིག་ཐ་མ་འགག་པ་ནས། བར་སྲིད་གྲུབ་ཁ་ཚུན་ཆད་ཀྱི་སྲིད་པ་རྣམས་གསུམ་པ་དང༌། དེ་སྐད་ཅིག་ཐ་མ་འགག་པ་ནས་སྐྱེ་སྲིད་གྲུབ་ཁ་ཚུན་ཆད་ཀྱི་སྲིད་པ་རྣམས་བཞི་པ་ཡིན། དེས་ན་བར་སྲིད་པ་རྣམས་སྤྱིར་ཡིད་ཀྱི་རང་བཞིན་གྱི་ལུས་ཅན་དང༌། ལས་ཀྱི་རྫུ་འཕྲུལ་དང་ལྡན་པ། མངལ་སྒོ་མ་གཏོགས་པའི་རི་རྭ་བ་ཁང་ཁྱིམ་སོགས་ལ་ཐོགས་མེད་དུ་རྒྱུ་བ། དབང་པོ་ཀུན་ཚང་བ། ཟས་སུ་དྲི་ཟ་བ་ཡིན་ཅིང༌། དེ་རྣམས་ཞག་བདུན་བདུན་ནས་ཚེ་འདོར་བ་ཡིན་ཅིང༌། ཇི་ལྟར་འགྱང་ཡང༌། བདུན་ཕྲག་བདུན་ནས་སྐྱེ་སྲིད་དུ་སྐྱེ་བ་ལེན་པར་འདོད། ལྷའི་མིག་གི་མངོན་ཤེས་དང་ལྡན་པ་དང༌། བར་སྲིད་ཀྱི་རིགས་ནང་ཕན་ཚུན་རྣམས་ཀྱིས་གཅིག་གིས་གཅིག་མངོན་སུམ་གྱིས་སྤྱོད་ཡུལ་དུ་བྱེད་པ་ཡིན་ཏེ། མཛོད་ལས། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །མི་ལྡོག་དེ་ནི་དྲི་ཟའོ། །ཞེས་གསུངས་པའི་ཕྱིར། མི་ལྡོག་ཅེས་པས་མཛོད་པའི་རང་ལུགས་ཙམ་བསྟན་པ་ཡིན་པར་མཐའ་དཔྱོད་ཀྱི་སྐབས་སུ་སོང༌། དེས་ན་བར་སྲིད་པའི་སེམས་ཡིན་ན། རང་ཉིད་གང་དུ་སྐྱེས་པའི་སྔོན་དུས་ཀྱི་སྲིད་པའི་རྟེན་གྱི་གང་ཟག་གི་དབྱིབས་ཅན་དུ་ངེས་པས་ཁྱབ་སྟེ། མཛོད་ལས། སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། །ཞེས་གསུངས་པའི་ཕྱིེར། |
{{#arraymap:སྲིད་པའི་རྟེན་འབྲེལ་
|; |@@@ | | }}