103041
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཔེ་རྒྱན་སོ་གཉིས་ཀྱི་ནང་གསེས་ཉེར་ལྔ་པ་སྟེ། དཔེ་ལས་ཁྱད་ཆོས་དེ་འདྲ་ཞིག་འབྱུང་མི་སྲིད་པ་ལྟར། དཔེ་ཅན་ལས་ཀྱང་ཁྱད་ཆོས་དེ་འདྲ་འབྱུང་མི་སྲིད་པ་དཔེ་དོན་གཉིས་མཚུངས་པར་སྦྱར་བ་ཞིག་ལ་ཟེར། |
| Example | བོད་མཁས་པས། ཆུ་རྒྱུན་བསྲུབས་ལས་མེ་ལྕེའི་ཕྲེང་བ་དང་། །བསིལ་བྱེད་ཟླ་བས་མེ་ཆར་སྤྲོ་བ་ནི། ། གཞར་ཡང་སྲིད་པ་མིན་བཞིན་རྣམ་འདྲེན་རྗེའི། །ཞལ་ལས་ཉེས་བཤད་འབྱུང་བའང་ཅུང་སྲིད་དམ། །ཞེས་པ་ལྟ་བུའོ། ། |
| Domain | རྩོམ་རིག |