103043

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲིད་ཞི་མཉམ་ཉིད་ཀྱི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། སྲིད་ཞི་མཉམ་ཉིད་ཀྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་བཅུ་གཅིག་པ་ཡིན། བརྗོད་བྱ་ནི། མཚན་སྡོམ་ལས། སྲིད་དང་ཞི་བའི་མཐའ་གཉིས་རབ་བཏང་ནས། །མཐའ་བྲལ་ཙམ་དུ་འཛིན་པའི་བློ་ཡི་ཆ། །རྟག་ཆད་གཡང་ས་སྤངས་པའི་ཆོས་ཀྱི་དབྱིངས། །ཇི་བཞིན་དོན་དུ་འབྱུང་བར་བྱིན་གྱི་རློབས། །ཞེས་གསུངས་པ་བཞིན་སྲིད་ཞི་མཉམ་ཉིད་དུ་རྟོགས་པའི་ཐབས་སྒོམ་པའི་རིམ་པར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཐུབ་དབང་བྱམས་པ་གསེར་གླིང་ཇོ་བོ་རྗེ། །འབྲོམ་སྟོན་ཚུལ་ཁྲིམས་འབར་དང་བྱ་ཡུལ་བ། །མུས་སྨན་པ་དང་གྲོ་སྟོན་ཞང་སྟོན་པ། །སངས་རྒྱས་སྒོམ་པ་མཆིམས་ཆེན་སྐྱོ་སྟོན་རྗེ། །བཅོམ་ལྡན་རིག་རལ་གྲོ་སྟོན་ཀུན་རྒྱལ་མཚན། །སྤང་སྟོན་གྲུབ་ཤེ་གྲགས་སྟོན་དཔལ་ལྡན་གྲུབ། །རཱ་སྟོན་ཡོན་ཏན་ཀུན་དགའ་མཆོག་གྲུབ་པ། །ཞེས་སོགས་དང་། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཞེས་པའི་བར་ནི་སྤྱན་རས་གཟིགས་ཀྱི་ཁྲིད་ལྟར་རོ། །ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། མཆིམས་ཀྱི་ཁྲིད་ཡིག་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:སྲིད་ཞི་མཉམ་ཉིད་ཀྱི་ཁྲིད་

|; |@@@ | | }}