103044
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། མཚན་ཉིད་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་སྒྱུར་ཐོབ་པའི་སྒོ་ནས་སྲིད་ཞི་མཉམ་པ་ཉིད་དུ་རྟོགས་པའི་སེམས་དཔའི་རྣམ་འབྱོར་རོ། །ས་མཚམས་ནི། དག་པའི་ས་གསུམ་ན་ཡོད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། གཙོ་བོར་ཆོས་ཀྱི་སྐུའི་དོན་དུ་སྲིད་ཞི་རང་བཞིན་མེད་པར་མཉམ་པ་ཉིད་དུ་རྟོགས་ནས་བསྒོམ་པའི་སེམས་དཔའི་རྣལ་འབྱོར་དེ། ཆོས་སྐུའི་རྒྱུ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའི་མཚན་ཉིད། །ས་མཚམས་ནི། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ཙམ་ནི་སྦྱོར་ལམ་ནས་ཡོད་ལ། ས་བརྒྱད་པ་ནས་མངོན་དུ་འགྱུར་བ་ཡིན་ནོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྲིད་པ་འཁོར་བ་དང་ཞི་བ་མྱང་འདས་གཉིས་བདེན་སྟོང་མཉམ་པ་ཉིད་དུ་རྟོགས་པའི་བྱང་སེམས་ཀྱི་མངོན་རྟོགས་ཤིག་ལ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ཞེས་བརྗོད། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའི་ངོ་བོ་ཡང་ཡོད་དེ། སྲིད་ཞིའི་བདེན་སྟོང་མཉམ་པ་ཉིད་དུ་མངོན་སུམ་དུ་རྟོགས་པའི་སྟོབས་ཀྱིས་རྗེས་ཐོབ་ཀྱི་གནས་སྐབས་སུ་ཡང་བདེན་འཛིན་མངོན་གྱུར་བ་སྐྱེ་བའི་གོ་སྐབས་ཟད་པར་བཅོམ་པའི་ཡེ་ཤེས་ཀྱི་ཚོགས་ཀྱི་ཆར་གྱུར་པའི་དག་སའི་ཡེ་ཤེས་ཅིག་ལ་འཇོག་པའི་ཕྱིར། ཞེས་གསུངས། ས་མཚམས་དག་ས་ན་ཡོད་དོ། ། |
{{#arraymap:སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྲིད་ཞི་བདེན་སྟོང་མཉམ་ཉིད་དུ་མངོན་སུམ་གྱིས་རྟོགས་པའི་སྒོ་ནས་རང་གི་ཐོབ་བྱར་གྱུར་པའི་ཆོས་སྐུའི་ལག་རྗེས་གཙོ་བོར་འཇོག་བྱེད་ཀྱི་མངོན་རྟོགས་ཀྱི་རིགས་སུ་གནས་པའི་དག་སའི་ཡེ་ཤེས་དེ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའི་མཚན་ཉིད་ཡིན། མཚན་གཞི་དག་པ་ས་གསུམ་གྱི་གནས་སྐབས་ཁོ་ན་ལ་འཇོག |
{{#arraymap:སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་
|; |@@@ | | }}