103056

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲིད་རྩེ་ (1)
Part of speech མིང་ཚིག
Definition མདོ། གཟུགས་མེད་ཀྱི་དངོས་གཞིའི་སྙོམས་འཇུག་གང་ཞིག འདུ་ཤེས་རགས་པ་རྣམས་ནི་ཡོད་པ་མིན། ཕྲ་བ་རྣམས་ནི་མེད་པ་མིན་ནོ། །སྙམ་དུ་བསྒོམ་པས། དེ་ཉིད་མངོན་དུ་གྱུར་པའི་རིགས་སུ་གནས་པ། སྲིད་རྩེའི་མཚན་ཉིད་ཡིན། འདིར་རིགས་གནས་སྨོས་པ་ལ་དགོས་པ་ཡོད་དེ། མ་འཁྲུལ་བའི་གཟུགས་མེད་ཀྱི་དངོས་གཞིའི་སྙོམས་འཇུག་རྣམས་དང༌། བདེན་སྟོང་ལ་གཉིས་སྣང་ནུབ་པའི་གཟུགས་མེད་ཀྱི་དངོས་གཞིའི་སྙོམས་འཇུག་རྣམས་འདིར་བསྡུ་བའི་དགོས་པ་ཡོད་པའི་ཕྱིར།
Domain ཆོས་ལུགས།