103057

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲིད་རྩེ་ནུད་ཆུང་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། མཐར་གནས་སྙོམས་འཇུག་དགུ་ཐོད་བརྒལ་དུ་སྒོམ་པའི་སྐབས་སྤེལ་གཞི་སྲིད་རྩེའི་སེམས་ཀྱི་རྗེས་སུ་སྤེལ་ཆོས་འགོག་པ་མངོན་དུ་བྱས་ལ་དེའི་རྗེས་སུ་འདོད་སེམས་མངོན་དུ་བྱེད་མི་ནུས་པས་ཡང་བསྐྱར་སྲིད་རྩེའི་སེམས་མངོན་དུ་བྱེད་དགོས་པ་ལ་སྲིད་རྩེ་ནུད་ཆུང་ཟེར། པཎ་ཆེན་མཐའ་དཔྱོད་ལས། སྐབས་འདིར་སྲིད་རྩེའི་ནུད་ཆུང་བྱས་པ་ལ་དགོས་པ་ཡོད་དེ། བྱང་སེམས་སྒོམ་ལམ་པས་དང་པོར་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་ཚེ། སྲིད་རྩེའི་ནུད་ཆུང་མ་བྱས་པར་འདོད་སེམས་མངོན་དུ་བྱེད་མི་ནུས་པ་ལ་དགོངས་པའི་ཕྱིར། དེ་མི་ནུས་པ་ཡིན་ཏེ། དེའི་ཚེ་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་དབང་མ་ཐོབ་པ་གང་ཞིག འགོག་སྙོམས་ཞི་བ་མཐར་ཐུག་དང་འདོད་སེམས་མ་ཞི་བ་མཐར་ཐུག་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།