103065

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲིད་ལུགས་མལ་ཆེན་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བོན། བདག་པོ་ལ་དབང་བའི་ཕོ་མོའི་རིགས་དང་། འགྲོ་བ་མིས་དབང་བྱས་པའི་ཕོ་མོའི་རིགས། གཞན་གྱིས་དབང་བྱས་པའི་ཕོ་མོའི་རིགས་ལ་ལོག་གཡེམ་སོགས་བྱ་བ་ནི། སྲིད་ལུགས་མལ་ཆེན་ཞིག་བྱ་སྟེ། དེ་དག་ལ་གཙང་གཙུག་དང་དྲང་སྲོང་གིས་ལུས་ཀྱིས་སྦྱོར་བ་དང་། ངག་གིས་འཁྲིག་ཚིག ཡིད་ཀྱིས་ཀུན་སློང་ལོག་པའི་དབང་གིས་ཆགས་པར་མི་བྱ་ཞིང་སྤངས་བ་ཡིན་ཏེ། འདུལ་བ་ཀུན་འབྱུང་ལས། སྲིད་ལུགས་མལ་ཆེན་ནི། བདག་དབང་ཕོ་མོ་མལ་ཆེན་སྤངས། མི་དབང་ཕོ་མོ་མལ་ཆེན་སྤངས། གཞན་དབང་ཕོ་མོའི་ལོག་གཡེམ་ཡིན། ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:སྲིད་ལུགས་མལ་ཆེན་

|; |@@@ | | }}