103079

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲིན་གྱི་དམག་དཔོན་བཞི་ (1)
Part of speech མིང་ཚིག
Definition བོན། སྔོན་ཚེ་གསས་ཁང་དཀར་ནག་བཀྲ་གསལ་ལ་རློམ་ནས་བཤིག་མཁན་གྱི་སྲིན་པོ་ཧ་དྷ་སྐྱེས་ཅིག་གི་སྲིན་གྱི་དམག་དཔོན་བཞི་སྟེ། མདོ་གཟེར་མིག་ལས། སྲིན་གྱི་ཕྱོགས་བཞིའི་དམག་དཔོན་བཞི། ཞེས་སོ། །བཞི་ནི། རག་ཤ་གླང་མགོ་དང་། འདའ་ཤ་འགྲི་བ། ཡག་ཤ་གོ་རེ། གར་མ་ཛྭ་ལ་དང་བཞི་སྟེ། མདོ་གཟེར་མིག་ལས། སྲིན་པོ་རག་ཤ་གླང་མགོ་དང་། འདའ་ཤ་འགྲི་བ་དང་། ཡག་ཤ་གོ་རེ་དང་། གར་མ་ཛྭ་ལ་དང་བཞི། ཞེས་སོ། །འདི་དག་ཕྱིས་སུ་སྟོན་པ་གཤེན་རབ་མི་བོ་ཆེས་དམ་ལ་བཏགས་ནས་གཅེན་ལྷའི་བཀའ་བློན་བཞི་རུ་བསྐོས་ཏེ། བསྟན་པ་སྲུང་བའི་འཕྲིན་ལས་ཀྱང་བཅོལ་ཏོ། །རྒྱས་པོ་མདོ་གཟེར་མིག་ལས་ལེའུ་བཅུ་གསུམ་པ་ལ་གཟིགས།
Domain ཆོས་ལུགས།