103132

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲིན་མོ་ཆེན་པོ་མིའི་སྲིན་མོ་ (1)
Part of speech མིང་ཚིག
Definition རྙིང་མ། སྲིན་མོ་ཆེན་པོ་མིའི་སྲིན་མོ་ནི། ཕྱོགས་བཅུའི་མུན་སེལ་དུ། དུར་ཁྲོད་ཀྱི་དྲེགས་པ་དབང་ཕྱུག་ཆེན་པོའི་ཆུང་མ་ཚིལ་དང་ཞག་གི་མཆོད་སྦྱིན་གྱིས་མགུ་བར་བྱེད་པའོ། །ཞེས་དང་། དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། སྲིན་པོ་དཤགྲཱིབའི་ཆུང་མ་སྲིན་མོ་ཆེན་མོ་མིའི་སྲིན་མོ། ཞེས་ལངྐ་མགྲིན་བཅུའི་ཆུང་མར་ཡང་གསུངས། གང་ལྟར་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་ཡ་གྱལ་ཞིག་ཡིན།

{{#arraymap:སྲིན་མོ་ཆེན་པོ་མིའི་སྲིན་མོ་

|; |@@@ | | }}