103138

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲིན་མོའི་གྲོགས་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་བསྙེན་པའི་གཞི་མ་སྒོ་དགུའི་ནང་གསེས་མཚན་ལྡན་གྲོགས་ལ་བསྙེན་པའི་སྐབས་ཀྱི་སྤང་བྱའི་གྲོགས་ཤིག་སྟེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། རིགས་རྒྱུད་རྩུབ་ལ་ཁྲོ་གཏུམ་རྒོད། བསྟན་པའི་ཞབས་འདྲེན་སྲིན་མོའི་གྲོགས། ཞེེས་གསུངས་པས། དེ་ཡང་རིགས་རྒྱུད་ངན་ཞིང་གཞན་ལ་ཁོང་ཁྲོ་བ་སྟེ་བཞིན་སོགས་འཇིགས་སུ་རུང་བའི་རྣམ་པ་ཅན་གྱི་བུད་མེད་རྟེན་ཅན་གྲོགས་ལ་བྱའོ། །དེ་ལ་ཡང་སྲིན་མོ་ཞེས་བྱ་བ་ནི། རིགས་རྒྱུད་ངན་ཞིང་རྩུབ་པས་དེ་ལྟར་བརྗོད་པར་མངོན་ནོ། །
Domain ཆོས་ལུགས།

{{#arraymap:སྲིན་མོའི་གྲོགས་

|; |@@@ | | }}